འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།ལྷ་གཞིས་མྱུར་བགྲོད་གཞུང་ལམ་གྱི་ལས་གྲྭ་གཙོ་བོ་ཡོངས་སུ་འབྲེལ་མཐུད་ཐུབ་པ།

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 12ཚེས་07ཉིན། 13:30】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
ཟླ་12ཚེས་5ཉིན། གཡག་ཡེ་མྱུར་བགྲོད་གཞུང་ལམ་G4218ཡི་ལྷ་ས་ནས་གཞིས་རྩེ་གནམ་ཐང་བར་གྱི་ལས་གྲྭ་གཙོ་བོ་ཡོངས་སུ་འབྲེལ་མཐུད་ཐུབ་པ་དེས། སང་ལོའི་ཟླ་6པའི་ཟླ་མཇུག་ཏུ་རླངས་འཁོར་ཤར་གཏོང་ཐུབ་པར་རྨང་གཞི་བརྟན་པོ་ཞིག་བཏིང་ཡོད།
ཟླ་12ཚེས་5ཉིན། གཡག་ཡེ་མྱུར་བགྲོད་གཞུང་ལམ་G4218ཡི་ལྷ་ས་ནས་གཞིས་རྩེ་གནམ་ཐང་བར་གྱི་ལས་གྲྭ་གཙོ་བོ་ཡོངས་སུ་འབྲེལ་མཐུད་ཐུབ་པ་དེས། སང་ལོའི་ཟླ་6པའི་ཟླ་མཇུག་ཏུ་རླངས་འཁོར་ཤར་གཏོང་ཐུབ་པར་རྨང་གཞི་བརྟན་པོ་ཞིག་བཏིང་ཡོད།
   འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་12ཚེས་5ཉིན་གློག་འཕྲིན་འབྱོར་གསལ། ཟླ་12ཚེས་5ཉིན། གཡག་ཡེ་མྱུར་བགྲོད་གཞུང་ལམ་G4218ཡི་ལྷ་ས་ནས་གཞིས་རྩེ་གནམ་ཐང་བར་གྱི་གསར་སྐྲུན་ལས་གྲྭའི(གཤམ་ལ“ལྷ་གཞིས་མྱུར་བགྲོད་གཞུང་ལམ”ཞེས་བསྡུ་རྒྱུ)ཕུག་པ་ཕུག་ལམ་གྱི་ཕུག་གཡོན་མ་ཏལ་འབིགས་ཐུབ་པ་ལས་ལྷ་གཞིས་མྱུར་བགྲོད་གཞུང་ལམ་གྱི་ལས་གྲྭ་གཙོ་བོ་ཡོངས་སུ་འབྲེལ་མཐུད་ཐུབ་པ་མཚོན་པ་དང་། དུས་སང་ཟླ་6པའི་ཟླ་མཇུག་ཏུ་རླངས་འཁོར་ཤར་གཏོང་ཐུབ་པར་རྨང་གཞི་བརྟན་པོ་ཞིག་བཏིང་ཡོད་པ་རེད།
   ལྷ་གཞིས་མྱུར་བགྲོད་གཞུང་ལམ་ལས་གྲྭའི་ལམ་ཐིག་ཡོངས་ལ་ཕུག་ལམ་22དང་ཟམ་པ་122ཡོད་པ་དང་། ཟམ་པ་དང་ཕུག་ལམ་གྱི་བསྡུར་ཚད་51%ཟིན་ཡོད། མིག་སྔར་སྐྲུན་བཞིན་པའི་དུས་ཐེངས་གཉིས་པའི་ལས་གྲྭའི་ཟམ་པ་དང་ཕུག་ལམ་གྱི་བསྡུར་ཚད་72%ཟིན་ཡོད། གཞུང་ལམ་གྱི་ལས་གྲྭ་འདི་ཡར་ཀླུང་གཙང་པོའི་རོང་དུ་འཁེལ་བས་ལམ་རྒྱུད་དུ་ཐུར་གཟར་ཞིང་རོང་ཟབ་པ་དང་ས་གཤིས་རྙོག་འཛིང་ཆེ་བ་དང་། ཆར་དུས་སུ་རི་ཉིལ་བ་དང་འདམ་རྡོའི་ཆུ་རུད་སོགས་ཀྱི་རང་བྱུང་གནོད་འཚེ་ཐོན་སླ་པོ་ཡོད། ལམ་ཐིག་ཧྲིལ་པོའི་མཐའ་མཇུག་ཏལ་འབིགས་ཐུབ་པའི་ཕུག་པ་ཕུག་ལམ་གྱི་ཕུག་གཡོན་མའི་རིང་ཚད་ལ་སྨི་3795དང་ཕུག་གཡས་པའི་རིང་ཚད་ལ་སྨི་3715ཡོད་པ་དང་། སྦུག་ཐག་སྨི་448ཟིན་ནས་ཕུག་ལམ་གྱི་སྦུག་ཐག་རིང་ཤོས་ཀྱི་གྲས་ཤིག་ཡིན་ཞིང་། ཕུག་ལམ་དེའི་འཛུགས་སྐྲུན་པ་ཚོས་ཨར་སྐྲུན་གྱི་དཀའ་གནད་མང་པོ་ཁྱད་དུ་བསད་པས་ཕུག་ལམ་གཡས་གཡོན་གཉིས་ཀ་ཏལ་འབིགས་ཐུབ་ཡོད་པ་རེད།
   ལྷ་གཞིས་མྱུར་བགྲོད་གཞུང་ལམ་གྱི་འཛུགས་སྐྲུན་པ་ཚོས་མཐོ་གྲང་གསོ་རླུང་དཀོན་པའི་ཁོར་ཡུག་དང་བྲག་རི་གཡང་གཟར་དུ་ཟམ་པ་རྒྱག་པའི་དཀའ་ངལ་སྣ་ཚོགས་ཁྱད་དུ་བསད་ནས་སྒྲིག་འཛུགས་ཞིབ་ཚགས་བྱེད་པ་དང་། ཇུས་གཞི་ཞིབ་ཚགས་སུ་གཏོང་བ། བཟོ་རྩལ་ལེགས་སུ་གཏོང་བ་བཅས་བྱས་པ་དང་ཆབས་ཅིག་བརྒྱུད་རིམ་ཧྲིལ་པོར་མི་སྣ་ཡོངས་ཀྱིས་སྤུས་ཚད་ཀྱི་དོ་དམ་ལ་ཤུགས་སྣོན་བརྒྱབ་སྟེ། ལམ་ཐིག་ཧྲིལ་པོའི་ཟམ་སྐྲུན་ལ་གོ་རིམ་ལྡན་པའི་ངང་སྐུལ་འདེད་བཏང་བ་རེད།
    ལྷ་གཞིས་མྱུར་བགྲོད་གཞུང་ལམ་འཛུགས་སྐྲུན་བཀོད་འདོམས་པུའི་བཀོད་འདོམས་དཔོན་ཚེ་རྣམ་གྱིས་ལས་གྲྭའི་བཀོད་འདོམས་པུས་ལས་གྲྭའི་སྤུས་ཚད་དང་། བདེ་འཇགས། ཁོར་ཡུག་སྲུང་སྐྱོང་བཅས་འགན་ལེན་བྱེད་པ་སྔོན་འགྲོའི་ཆ་རྐྱེན་དུ་བརྩིས་ནས་ལས་གྲྭའི་འཕེལ་རིམ་ལ་སྐུལ་འདེད་བརྟན་པོ་བཏང་བ་དང་། འཛུགས་སྐྲུན་ནང་ཞུགས་མཁན་ཚན་པ་ཁག་ལ་ཁྱོན་ཡོངས་ནས་སྤུས་ཚད་དོ་དམ་བྱེད་དགོས་པའི་བླང་བྱ་ནན་པོ་བཏོན་པ། རྒྱུ་ཆ་ལས་ཡུལ་དུ་དབོར་དུས་ནས་འགོ་བཙུགས་ཏེ་སྤུས་ཚད་ཀྱི་དོ་དམ་ཚོད་འཛིན་ལ་དམ་འཛིན་ནན་པོ་བྱས་ནས་གཞུང་ཕྱོགས་ཀྱི་མཐིལ་དང་འཕྲེད་ཕྱོགས་ཀྱི་མཐའ་བར་གྱི་བརྒྱུད་རིམ་ཧྲིལ་པོར་ཨར་སྐྲུན་དོ་དམ་བྱས་ཡོད། འཛུགས་སྐྲུན་ཚན་པ་ཁག་གིས་དཀའ་ངལ་སྣ་ཚོགས་དང་ངལ་བ་ཁྱད་དུ་བསད་ནས་ཨར་ལས་བྱེད་པ་དང་ལས་ཡུན་དམ་འཛིན་གྱིས་ཉིན་མཚན་མེད་པར་ཧུར་ཐག་འབད་ཐག་བྱས་ནས་ལམ་ཐིག་ཡོངས་ཀྱི་ཟམ་པ་དང་ཕུག་ལམ་གྱི་ལས་གྲྭ་བསྐྲུན་ནས་ལྷ་གཞིས་མྱུར་བགྲོད་གཞུང་ལམ་སང་ལོའི་ཟླ་6པའི་ཟླ་མཇུག་ཏུ་དུས་བཀག་ལྟར་བསྐྲུན་ཟིན་ནས་རླངས་འཁོར་ཤར་གཏོང་ཐུབ་པའི་འགན་ལེན་ནུས་ལྡན་བྱས་ཡོད།
   ལྷ་གཞིས་མྱུར་བགྲོད་གཞུང་ལམ་གྱི་སྤྱིའི་རིང་ཚད་ལ་སྤྱི་ལེ་166.98ཡོད་ཅིང་། ཁ་ཕྱོགས་གཉིས་ལ་འཁོར་ལམ་བཞི་དང་ཆུ་ཚོད་རེར་མགྱོགས་ཤོས་ལ་སྤྱི་ལེ་100སྐྱོད་ཆོག་གི་ཡོད། ལྷ་གཞིས་མྱུར་བགྲོད་གཞུང་ལམ་ནི་བོད་རང་སྐྱོང་ལྗོངས་ཀྱིས་ཨེ་ཤེ་ཡ་ལྷོ་མར་སྒོ་མོ་འབྱེད་པའི་བགྲོད་ལམ་གལ་ཆེན་གྱི་ཆ་ཤས་ཤིག་རེད་ལ“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོའི་ནེ་པ་ལ་སོགས་ཉེ་འཁོར་རྒྱལ་ཁབ་ལ་ཕྱོགས་པའི་འགྲིམ་འགྲུལ་གྱི་སྦྲེལ་ཟམ་གལ་ཆེན་ཞིག་དང་བོད་ཀྱི“ལོ་ལྔ་ཚན་བཅུ་གསུམ་པའི”གཞུང་ལམ་འགྲིམ་འགྲུལ་འཆར་འགོད་ཀྱི་གཙོ་གནད་རྣམ་གྲངས་ཀྱི་གྲས་ཤིག་ཀྱང་རེད། རྣམ་གྲངས་བསྐྲུན་ཟིན་རྗེས་ས་ཁོངས་ཀྱི་ལམ་དྲའི་གྲུབ་ཆ་སྔར་བས་ལེགས་སུ་སོང་ནས་གཞུང་ལམ་གྱི་སྐྱེལ་འདྲེན་ནུས་པ་དང་བདེ་འཇགས་ཆེ་རུ་འགྲོ་བ་དང་རྒྱལ་ཁབ་ཀྱི་ཕྱོགས་བསྡུས་སྐྱེལ་འདྲེན་བགྲོད་ལམ་འཐུས་སྒོ་ཚང་དུ་ཕྱིན་ནས“སྐོར་གཅིག་དང་ཁུལ་གཉིས”གྲོང་ཁྱེར་དང་གྲོང་རྡལ་འཛུགས་སྐྲུན་དང་ལྷ་སས་ལྟེ་བ་བྱས་པའི་ཆུ་ཚོད་གསུམ་གྱི་དཔལ་འབྱོར་ཁུལ་འཐུས་སྒོ་ཚང་དུ་འགྲོ་བར་ལེགས་སྐྱེས་ཧུར་ཐག་འབུལ་རྒྱུ་རེད།