འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།རྒྱལ་ཁབ་འདི་ནས་དམག་དཔུང་ཕྱིར་འཐེན་བྱ་རྒྱུ་རེད། 

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 12ཚེས་06ཉིན། 16:07】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     ས་གནས་དེ་གའི་དུས་ཚོད་ཟླ་12ཚེས་3ཉིན། མར་ཏི་ཝེ་ཡི་ཙུང་ཐུང་མུའུ་ཧན་མོ་ཏེ་·མུའུ་དབྱི་ཙེ་ཡིས། རྒྱ་གར་སྲིད་གཞུང་གིས་མར་ཏི་ཝེ་ནས་དམག་དཔུང་ཕྱིར་འཐེན་བྱ་རྒྱུར་མོས་མཐུན་བྱས་ཡོད་ཅེས་བཤད།
     མར་ཏི་ཝེ་ཡི་ཙུང་ཐུང་གསར་པ་མུའུ་ཧན་མོ་ཏེ་·མུའུ་དབྱི་ཙེ་ཡིས། ཟླ་11ཚེས་18ཉིན་རྒྱ་གར་སྲིད་གཞུང་ལ་མར་ཏི་ཝེ་ནས་དམག་དོན་མི་སྣ་ཕྱིར་འཐེན་བྱེད་དགོས་པའི་བླང་བྱ་དངོས་སུ་བཏོན་པ་རེད། མར་ཏི་ཝེ་ཡི་ཙུང་ཐུང་ལས་ཤག་གིས་གསལ་བསྒྲགས་ཤིག་གི་ནང་། མུའུ་དབྱི་ཙེ་ཡིས་ཙུང་ཐུང་ལས་ཤག་ཏུ་རྒྱ་གར་སྲིད་གཞུང་གི་འཐུས་མིར་མཇལ་འཕྲད་གནང་སྐབས་དམག་དཔུང་ཕྱིར་འཐེན་བྱ་རྒྱུའི་བླང་བྱ་དངོས་སུ་བཏོན་ཡོད་ཅེས་འཁོད་ཡོད། མུའུ་དབྱི་ཙེ་ཡིས་ཟླ་9པར་འཚོགས་པའི་ཙུང་ཐུང་འདེམས་བསྐོའི་ནང་མར་ཏི་ཝེའི་མི་དམངས་ཀྱིས་ཁོང་ལ་རྒྱ་གར་ཕྱོགས་ལ་བླང་བྱ་དེ་འདོན་རྒྱུའི་དབང་ཆ་སྤྲད་པ་དང་། རྒྱ་གར་གྱིས་མར་ཏི་ཝེའི་མི་དམངས་ཀྱི་དམངས་གཙོའི་འདོད་བློར་བརྩི་འཇོག་བྱ་རྒྱུའི་རེ་བ་ཡོད་ཅེས་བཤད་པ་རེད།
     མུའུ་དབྱི་ཙི་ཡིས་ཟླ་11པའི་ཚེས་17ཉིན་ལས་འགན་བཞེས་པའི་དམ་བཅའ་བཞག ཁོང་གིས་ལས་འགན་བཞེས་པའི་གཏམ་བཤད་གནང་སྐབས། མར་ཏི་ཝེར་ཕྱི་རྒྱལ་གྱི་དམག་དོན་གང་ཡང་མེད་པ་ཁག་ཐེག་བྱས་ནས་རྒྱལ་ཁབ་ཀྱི་རང་བཙན་དང་བདག་དབང་སྲུང་སྐྱོང་བྱ་རྒྱུའི་ཁས་ལེན་གནང་བ་རེད།