འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།ཐའེ་ཝན་རང་བཙན་ཐད་འདི་ལྟར་བཤད་འདུག 

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 12ཚེས་06ཉིན། 16:04】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     ཟླ་12ཚེས་5ཉིན། ཕྱི་འབྲེལ་པུའི་མགྲིན་ཚབ་པ་ཝང་ཝུན་པིན་གྱིས་རྒྱུན་གཏན་གྱི་གསར་འགོད་པའི་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།
     ཉེ་ཆར། ཐའེ་ཝན་ས་ཁུལ་གྱི་འགོ་ཁྲིད་པ་ཚའེ་དབྱིང་ཝུན་གྱི་གཏམ་བརྗོད་ལ་དམིགས་ནས། ཝང་ཝུན་པིན་གྱིས་ཐའེ་ཝན་ནི་ཀྲུང་གོའི་མངའ་ཁོངས་ཀྱི་ཁ་འབྲལ་ཐབས་མེད་པའི་ཆ་ཤས་ཤིག་ཡིན་པ་དང་། ཐའེ་ཝན་ས་ཁུལ་གྱི་འདེམས་བསྐོ་ནི་ཀྲུང་གོའི་ནང་ཁུལ་གྱི་ལས་དོན་ཁོ་ན་ཡིན་ཞེས་བཤད་པ་རེད།
     ཝང་ཝུན་པིན་གྱིས། “ཐའེ་ཝན་རང་བཙན་”དང་ཐའེ་ཝན་མཚོ་འགག་གི་ཞི་བདེ་ནི་མེ་ཆུ་ལྟར་འདྲེས་ཐབས་མེད། “ཐའེ་ཝན་རང་བཙན་”གྱིས་དམག་འཁྲུག་མཚོན་པ་དེ་ནི་འགྲོ་ཐབས་མེད་པའི་འཆི་ལམ་ཞིག་རེད། དམངས་གཙོ་ཡར་སྐུལ་ཚོགས་པའི་ཏང་གི་དབང་འཛིན་ལས་ཁུངས་ཀྱིས་ཁ་མཁས་ཚིག་སྙན་ཇི་ལྟར་བཤད་ཀྱང་གླིང་ཕྲན་ནང་ཁུལ་གྱི་མང་ཚོགས་“ཐའེ་ཝན་རང་བཙན་”དང་བསྡམས་རྩིས་བྱེད་པའི་སེམས་པ་འགེབས་མི་ཐུབ་པ་དང་། “ཐའེ་ཝན་རང་བཙན་”ཕྱོགས་ཁག་ཕམ་ངེས་ཡིན་པའི་མཇུག་འབྲས་ལ་འགྱུར་བ་གཏོང་མི་ཐུབ་ལ། ཀྲུང་གོ་གཅིག་གྱུར་གྱི་ཕྱོགས་སུ་སྐྱོད་པའི་འཕེལ་ཕྱོགས་ཆེན་པོ་དེ་བས་ཀྱང་འགོག་མི་ཐུབ་ཅེས་ནན་བཤད་གནང་།