འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།རོཊ་དངུལ་སྒོར་དུང་ཕྱུར་48.46སྤྲོད་རྒྱུ་རེད། 

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 12ཚེས་05ཉིན། 14:01】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     ཉེ་ཆར། ནོར་སྲིད་པུའུ་དང་འཕྲལ་བསྟུན་དོ་དམ་པུས་ཀྲུང་དབྱང་གི་རང་བྱུང་གནོད་འཚེའི་གེགས་སེལ་མ་དངུལ་སྒོར་དུང་ཕྱུར་48.46གཞི་རིམ་ལ་སྤྲད་ནས། ས་གནས་ཀྱིས་གནོད་འཚེ་ཕོག་པའི་མང་ཚོགས་ཀྱི་དགུན་དཔྱིད་ཀྱི་གནས་སྐབས་འཚོ་བའི་དཀའ་ངལ་རོགས་སྐྱོབ་ལས་དོན་སྤེལ་རྒྱུར་རྒྱབ་སྐྱོར་བྱས་ཏེ། གནོད་འཚེ་ཕོག་པའི་མང་ཚོགས་ཀྱི་འཚོ་བའི་དཀའ་ངལ་ཐག་གཅོད་ཏན་ཏིག་བྱས་ནས། བདེ་འཇགས་དང་དྲོ་སྐྱིད་ལྡན་པའི་ངང་དགུན་སྐྱེལ་ཐུབ་པའི་འགན་སྲུང་བྱས་པ་རེད། 
     ནོར་སྲིད་པུའུ་དང་འཕྲལ་བསྟུན་དོ་དམ་པུས་འབྲེལ་ཡོད་ས་ཁུལ་གྱི་ནོར་སྲིད་དང་། འཕྲལ་བསྟུན་དོ་དམ་སྡེ་ཁག་ལ་བཀོད་སྒྲིག་ཧུར་ཐག་དང་དོན་འཁྱོལ་ནན་ཏན་བྱས་ཏེ། “རིགས་དབྱེའི་རོགས་སྐྱོབ་དང་། གཙོ་གནད་རོགས་སྐྱོབ། གནད་སྨིན་རོགས་སྐྱོབ་”ཀྱི་རྩ་དོན་གཞིར་བཟུང་། ཚན་རིག་དང་མཐུན་ཞིང་ལུགས་དང་མཐུན་པའི་སྒོ་ནས་རོགས་སྐྱོབ་ཇུས་གཞི་བཟོས་ཏེ། དགུན་དཔྱིད་ཀྱི་རོགས་སྐྱོབ་ལས་དོན་ཏན་ཏིག་དང་ཞིབ་ཚགས་སྒྲུབ་པ་མ་ཟད། མ་དངུལ་ཐད་གཏོང་ལམ་སྲོལ་ནང་བཅུག་ནས་མ་དངུལ་ལ་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། བཀག་ཉར་གཞན་སྤྱོད་བྱ་རྒྱུ་གཏན་འགོག་བྱས་ཏེ་མ་དངུལ་དུས་ཐོག་ཏུ་སྲིད་ཇུས་ཀྱི་གཏན་འབེབས་གཞིར་བཟུང་། གནོད་འཚེ་ཕོག་པའི་མང་ཚོགས་ཀྱི་ལག་ཏུ་སྤྲོད་ཐུབ་པའི་འགན་སྲུང་བྱས་ནས་མ་དངུལ་གྱི་ཕན་འབྲས་འདོན་སྤེལ་ཏན་ཏིག་བྱེད་དགོས་པའི་བླང་བྱ་བཏོན་པ་རེད། 
     ད་ལོར་བྱང་ཤར་དང་ཧྭ་བྱང་སོགས་ཞིང་ཆེན་ལ་གནོད་འཚེ་ཚབས་ཆེན་ཕོག་པ་དང་། དགུན་དཔྱིད་གཉིས་ཀྱི་རོགས་སྐྱོབ་ལས་འགན་ཅུང་ལྕི་བའི་དོན་དངོས་ལ་དམིགས་ནས། འཕྲལ་བསྟུན་དོ་དམ་པུའུ་དང་ནོར་སྲིད་པུས་སྔ་སྣུར་དུ་བརྡ་ཐོ་པར་འགྲེམས་བྱས་པ་དང་། བརྙན་ལམ་ཚོགས་འདུ་འཚོགས་ནས་བཀོད་སྒྲིག་བྱས་པ་དང་ལས་དོན་ཚོ་ཆུང་མང་པོ་གནོད་ཁུལ་གྱི་མདུན་སར་མངགས་ནས། ས་གནས་ཁག་གིས་དུས་ཐོག་ཏུ་རོགས་སྐྱོབ་བྱ་ཡུལ་ལ་བརྟག་དཔྱད་མཐིལ་རྟོགས་བྱ་རྒྱུར་མཛུབ་ཁྲིད་དང་ལྟ་སྐུལ་བྱས་པ་དང་། རོགས་སྐྱོབ་ཀྱི་དགོས་མཁོ་གནད་ལ་འཁེལ་བའི་སྒོ་ནས་བསྡོམས་རྩིས་གོང་ཞུ་བྱས་པས་མ་དངུལ་སྤྲོད་པའི་དུས་ཚོད་སྔོན་ཆད་དང་བསྡུར་ན་སྔ་སྣུར་དུ་བྱུང་ཡོད།