འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།《ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ》དེབ་གཉིས་པའི་ཐེ་ལན་གྱི་ཡི་གེའི་དཔར་མའི་འོས་སྦྱོར་ངོ་སྤྲོད་ཚོགས་འདུ་ཐེ་ལན་དུ་འཚོགས་པ།

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 12ཚེས་04ཉིན། 13:21】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     འདི་ག་ཚགས་པར་ཁང་དུ་གྲོང་ཁྱེར་པང་ཁོག་ནས་ཟླ་12ཚེས་2ཉིན་གློག་འཕྲིན་འབྱོར་གསལ། ཉིན་ཤས་གོང《ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ》དེབ་གཉིས་པའི་ཐེ་ལན་གྱི་ཡི་གེའི་དཔར་མའི་འོས་སྦྱོར་ངོ་སྤྲོད་ཚོགས་འདུ་ཐེ་ལན་རྒྱལ་ཁབ་འཕེལ་རྒྱས་དོ་དམ་སློབ་གླིང་དུ་འཚོགས་པ་དང་། ཀྲུང་གོ་དང་ཐེ་ལན་རྒྱལ་ཁབ་གཉིས་པོའི་ལས་རིགས་ཁག་གི་འཐུས་མི་120ལྷག་ཙམ་ཚོགས་འདུར་ཞུགས་པ་རེད།
     ཐེ་ལན་གྱི་ཙུང་ལི་གཞོན་པ་དང་ཚོང་དོན་པུའུ་ཀྲང་གཅིག་ལྕོགས་ཕུའུ་ཐན·ཝེ་ཀྲ་ཡེ་ཚའེ་ཡིས་འོས་སྦྱོར་ངོ་སྤྲོད་ཚོགས་འདུར། ཀྲུའུ་ཞི་ཞི་ཅིན་ཕིང་གི་རྒྱལ་སྲིད་སྐྱོང་ལུགས་སྐོར་གྱི་དགོངས་པས་མིའི་རིགས་ཀྱི་སྤྱི་ཚོགས་ཡར་ཐོན་ལ་སྐུལ་འདེད་གཏོང་བར་ལེགས་སྐྱེས་ཤུགས་ཆེན་ཕུལ་ཡོད། 《ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ》དེབ་གཉིས་པའི་ཐེ་ལན་གྱི་ཡི་གེའི་དཔར་མ་དཔེ་སྐྲུན་བྱས་པ་དེས་ཐེ་ཀྲུང་རྒྱལ་ཁབ་གཉིས་པོའི་རྒྱལ་སྲིད་སྐྱོང་ལུགས་སྐོར་གྱི་ཉམས་མྱོང་ལ་ཕན་ཚུན་སློབ་སྦྱོང་དང་དཔྱད་གཞིར་འཛིན་པར་སྔར་བས་སྐུལ་མ་ཐེབས་པའི་ཡིད་ཆེས་ཡོད་ཅེས་གསུངས་པ་རེད།
     ཀྲུང་གོ་ཕྱི་སྐད་ཅུས་ཀྱི་ཅུས་ཀྲང་གཞོན་པ་ལིའུ་ཏ་ཝུའེ་ཡིས་འོས་སྦྱོར་ངོ་སྤྲོད་ཚོགས་འདུར། 《ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ》དེབ་གཉིས་པའི་ཐེ་ལན་གྱི་ཡི་གེའི་དཔར་མ་ཡིག་སྒྱུར་དཔེ་སྐྲུན་བྱས་པ་དེས་ཐེ་ལན་གྱི་ཀློག་པ་པོར་བསམ་བློའི་བློ་སྒོ་འབྱེད་ཐུབ་པའི་རེ་བ་ཡོད། རྒྱལ་ཁབ་གཉིས་པོས“ཀྲུང་གོ་དང་ཐེ་ལན་ཁྱིམ་ཚང་གཅིག་ལྟར་བརྩེ་བའི”དུས་རབས་ཀྱི་ནང་དོན་རྒྱུན་ཆད་མེད་པར་ཕུན་སུམ་ཚོགས་སུ་བཏང་ནས་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་རོགས་ཟླའི་ལེའུ་གསར་པ་རྩོམ་པ་དང་ལག་གདང་སྦྲེལ་ནས་ཀྲུང་གོ་དང་ཐེ་ལན་གྱི་ལས་དབང་གཅིག་མཐུན་འདུས་གྲུབ་མཉམ་དུ་གཏོད་ཆེད་བློ་གྲོས་དང་སྟོབས་ཤུགས་གཅིག་ཏུ་བསྡུ་བའི་རེ་བ་ཡོད་ཅེས་གསུངས་པ་རེད།
     ཐེ་ལན་དུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ཧན་ཀྲི་ཆང་གིས་ཤིས་ཚིག་སྒྲོན་སྐབས། 《ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ》དེབ་གཉིས་པའི་ཐེ་ལན་གྱི་ཡི་གེའི་དཔར་མ་ནི་ཐེ་ལན་གྱི་ཀློག་པ་པོས་ཀྲུང་གོའི་འགྲོ་ལམ་ཤེས་པའི་སྐར་ཁུང་དང་། ཀྲུང་གོའི་བློ་གྲོས་ཤེས་པའི་ལྡེ་མིག ཀྲུང་ཐེའི་དབར་ཕན་ཚུན་ཡིད་ཆེས་དང་། གཉིས་ཁེ་གཉིས་ཕན། ཐུན་མོང་ཡར་རྒྱས་བཅས་ཀྱི་སེམས་འབྲེལ་སྒོ་ལྕགས་སུ་གྱུར་ནས་ཀྲུང་ཐེའི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་པར་སྐུལ་འདེད་གཏོང་ཆེད་ཕུན་སུམ་ཚོགས་པའི་བསམ་བློ་དང་རིགས་པའི་གཞུང་ལུགས་ཀྱི་རྨང་གཞི་མཁོ་འདོན་བྱ་སྲིད་ཅེས་གསུངས་པ་རེད།
     ཐེ་ལན་གྱི་ཙུང་ལི་གཞོན་པ་ཟུར་པ་ཐེ་ཀྲུང་རིག་གནས་སྐུལ་སྤེལ་ཨུ་ལྷན་གྱི་ཀྲུའུ་ཞི་ཕི་ཉི·ཀྲ་ལུའུ་སུང་པཱ་ཡིས། ཐེ་ཀྲུང་ཕྱོགས་གཉིས་པོས《ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ》དེབ་གཉིས་པའི་ཐེ་ལན་གྱི་ཡི་གེའི་དཔར་མ་ཡིག་སྒྱུར་དཔེ་སྐྲུན་མཉམ་ལས་བྱས་པ་ནི་དུས་སྐབས་གསར་པའི“ཐེ་ཀྲུང་ཁྱིམ་ཚང་གཅིག་ལྟར་བརྩེ་བའི”སྙིང་སྟོབས་ཀྱི་ལག་ལེན་གལ་ཆེན་ཞིག་ཡིན་པས། རྒྱལ་ཁབ་གཉིས་པོའི་རྒྱལ་སྲིད་སྐྱོང་ལུགས་སྐོར་གྱི་ཉམས་མྱོང་སློབ་སྦྱོང་དང་ཕན་ཚུན་དཔྱད་གཞིར་འཛིན་པར་སྐུལ་མ་ཐེབས་ངེས་རེད་ཅེས་གསུངས་པ་རེད།
     《ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ》དེབ་གཉིས་པའི་ཐེ་ལན་གྱི་ཡི་གེའི་དཔར་མ་སྒྱུར་མཁན་གཙོ་བོ་དང་ཐེ་ཀྲུང་གི“རྒྱུད་གཅིག་ལམ་གཅིག”མཉམ་ལས་ཞིབ་འཇུག་ལྟེ་གནས་ཀྱི་ཀྲུའུ་རེན་ཝེ་ལུན·ཕི་ཁྲའེ་ཝུང་ཕ་ཏིས་གཏམ་བཤད་གནང་སྐབས། ཀྲུའུ་ཞི་ཞི་ཅིན་ཕིང་གི་རྒྱལ་སྲིད་སྐྱོང་ལུགས་སྐོར་གྱི་དགོངས་པས་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་དབུལ་པོའི་གནད་དོན་ཐག་གཅོད་དང་། དེང་རབས་ཅན་གྱི་ཕྱོགས་སུ་སྐྱོད་པ། གོ་ལ་ཧྲིལ་པོའི་བཅོས་སྐྱོང་ལ་ཞུགས་པ་བཅས་ལ་འདམ་ག་དང་ཐབས་ལམ་གསར་པ་ཞིག་མཁོ་འདོན་བྱས་ནས་འཛམ་གླིང་ཞི་བདེ་དང་འཕེལ་རྒྱས་ལ་ཤར་ཕྱོགས་ཀྱི་བློ་གྲོས་ལེགས་སྐྱེས་ཕུལ་ཡོད་ཅེས་གསུངས་པ་རེད།
     《ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ》དེབ་གཉིས་པའི་ཐེ་ལན་གྱི་ཡི་གེའི་དཔར་མ་ཀྲུང་གོ་ཕྱི་སྐད་དཔེ་སྐྲུན་ཁང་དང་ཐེ་ཀྲུང“རྒྱུད་གཅིག་ལམ་གཅིག”མཉམ་ལས་ཞིབ་འཇུག་ལྟེ་གནས་ཀྱིས་མཉམ་དུ་ཡིག་སྒྱུར་བྱས་ནས་ཉེ་ཆར་དངོས་སུ་དཔེ་སྐྲུན་འགྲེམས་སྤེལ་བྱེད་རྩིས་ཡོད་པ་རེད།
     ད་ཐེངས་ཀྱི་འོས་སྦྱོར་ངོ་སྤྲོད་ཚོགས་འདུ་ཀྲུང་གོ་ཕྱི་སྐད་ཅུས་དང་ཐེ་ལན་དུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་ཁང་གིས་གཙོ་གཉེར་དང་། ཀྲུང་གོ་ཕྱི་སྐད་དཔེ་སྐྲུན་ཁང་དང་ཐེ་ཀྲུང“རྒྱུད་གཅིག་ལམ་གཅིག”མཉམ་ལས་ཞིབ་འཇུག་ལྟེ་གནས་ཀྱིས་གཉེར་འགན་ཁུར་བ་ཞིག་རེད།
     (བདེ་དབང་དང་བསོད་ནམས་དཔའ་མོས་སྒྱུར་ཞུས་བྱས)