འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།ཞི་ཅིན་ཕིང་གིས་དྲག་ཆས་ཉེན་རྟོག་མཚོ་ཐོག་ཉེན་རྟོག་སྤྱི་ཁྱབ་རུ་ཁག་ཤར་རྒྱ་མཚོའི་མཚོ་ཁུལ་བཀོད་འདོམས་
པུའུ་རུ་གཟིགས་ཞིབ་གནང་བ།

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 12ཚེས་03ཉིན། 14:01】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
ཟླ་11ཚེས་29ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་དྲག་ཆས་ཉེན་རྟོག་མཚོ་ཐོག་ཉེན་རྟོག་སྤྱི་ཁྱབ་རུ་ཁག་ཤར་རྒྱ་མཚོའི་མཚོ་ཁུལ་བཀོད་འདོམས་པུའུ་རུ་གཟིགས་ཞིབ་གནང་བར་ཕེབས་ཤིང་། འདི་ནི་ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་བཞིན་པ།
ཟླ་11ཚེས་29ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་དྲག་ཆས་ཉེན་རྟོག་མཚོ་ཐོག་ཉེན་རྟོག་སྤྱི་ཁྱབ་རུ་ཁག་ཤར་རྒྱ་མཚོའི་མཚོ་ཁུལ་བཀོད་འདོམས་པུའུ་རུ་གཟིགས་ཞིབ་གནང་བར་ཕེབས་ཤིང་། འདི་ནི་ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་བཞིན་པ།
    ■ ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ལག་བསྟར་གཏིང་ཟབ་དང་མཚོ་ཐོག་ཉེན་རྟོག་པའི་སྟོབས་ཤུགས་འཛུགས་སྐྱོང་བེད་སྤྱོད་ཀྱི་ཁྱད་ཆོས་དང་ཆོས་ཉིད་ཁོང་དུ་ཆུད་པར་བྱས་ནས་མཚོ་ཐོག་ཁེ་དབང་སྲུང་སྐྱོང་གི་ཁྲིམས་སྒྱུར་ནུས་པ་ཆེ་རུ་གཏོང་དགོས།
    ■ ཁེ་དབང་སྲུང་སྐྱོང་གི་ཁྲིམས་སྒྱུར་ནུས་ལྡན་བྱས་ནས་རང་རྒྱལ་གྱི་མངའ་ཁོངས་བདག་དབང་དང་རྒྱ་མཚོའི་ཁེ་དབང་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་དགོས། མཚོ་ཐོག་ཁྲིམས་སྒྱུར་མཉམ་སྒྲུབ་དང་གཞོགས་འདེགས་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་ནས་མཚོ་ཐོག་གི་ཁྲིམས་འགལ་ཉེས་གསོག་བྱེད་སྤྱོད་ལ་ཁྲིམས་ལྟར་རྡུང་རྡེག་ཚ་ནན་བཏང་སྟེ་རང་རྒྱལ་གྱི་རྒྱ་མཚོའི་དཔལ་འབྱོར་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་བར་སྲུང་སྐྱོང་བྱེད་དགོས། མཚོ་ཐོག་ཁྲིམས་སྒྱུར་ཏན་ཏིག་བྱས་ནས་ཕྱི་ཕྱོགས་དང་སྤེལ་རེས་མཉམ་ལས་བྱས་ཏེ་རྒྱལ་སྤྱི་དང་ས་ཁུལ་གྱི་རྒྱ་མཚོ་བཅོས་སྐྱོང་ལ་ཧུར་ཐག་ཞུགས་དགོས།
   ཤིན་ཧྭ་གསར་འགྱུར་ཁང་ཧྲང་ཧའེ་ནས་ཟླ་12ཚེས་1ཉིན་གློག་འཕྲིན་འབྱོར་གསལ། ཟླ་11ཚེས་29ཉིན་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་དྲག་ཆས་ཉེན་རྟོག་མཚོ་ཐོག་ཉེན་རྟོག་སྤྱི་ཁྱབ་རུ་ཁག་ཤར་རྒྱ་མཚོའི་མཚོ་ཁུལ་བཀོད་འདོམས་པུའུ་རུ་གཟིགས་ཞིབ་གནང་བར་ཕེབས་སྐབས། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ལག་བསྟར་གཏིང་ཟབ་དང་མཚོ་ཐོག་ཉེན་རྟོག་པའི་སྟོབས་ཤུགས་འཛུགས་སྐྱོང་བེད་སྤྱོད་ཀྱི་ཁྱད་ཆོས་དང་ཆོས་ཉིད་ཁོང་དུ་ཆུད་པར་བྱས་ནས་མཚོ་ཐོག་ཁེ་དབང་སྲུང་སྐྱོང་གི་ཁྲིམས་སྒྱུར་ནུས་པ་ཆེ་རུ་གཏོང་དགོས་ཞེས་ནན་བཤད་གནང་བ་རེད།
    དགུན་སྟོད་ཀྱི་ཧྲང་ཧའེ་ཡུལ་ལྗོངས་ལྟ་ན་སྡུག་པ་དང་གཙང་ཞིང་བསིལ་བ་ཞིག་ཡོད། སྔ་དྲོའི་ཆུ་ཚོད་10དང་སྐར་མ་15ཙམ་ལ་ཞི་ཅིན་ཕིང་ཤར་རྒྱ་མཚོའི་མཚོ་ཁུལ་བཀོད་འདོམས་པུའི་ལས་ཁུངས་སུ་ཕེབས་ཤིང་། སྤྲོ་སེམས་འཁོལ་བའི་དགའ་བསུའི་ཁྲོད་བཀོད་འདོམས་པུའུ་དེའི་འབྲེལ་ཡོད་བློ་མཐུན་ལ་བྱམས་བརྩེའི་མཇལ་འཕྲད་གནང་བ་དང་འབྲེལ། ཚང་མ་དང་ལྷན་བཞུགས་དྲན་རྟེན་སྐུ་པར་ཡང་བསྐྱོན་པ་རེད།
   དེ་རྗེས་ཞི་ཅིན་ཕིང་གིས་ཤར་རྒྱ་མཚོའི་མཚོ་ཁུལ་བཀོད་འདོམས་པུའི་ལས་དོན་སྙན་སེང་གསན་པ་དང་། བརྙན་ལམ་བརྒྱུད་མཚོ་ཐོག་ཉེན་རྟོག་པའི་དམག་གྲུའི་དཔུང་རུས་ལས་འགན་སྒྲུབ་ཚུལ་ལ་གཟིགས་པ་རེད། ཞི་ཅིན་ཕིང་གིས་ཤར་རྒྱ་མཚོའི་མཚོ་ཁུལ་བཀོད་འདོམས་པུའུ་འཛུགས་སྐྱོང་དང་ལས་འགན་ལེགས་སྒྲུབ་བྱུང་ཚུལ་ལ་ཁས་ལེན་གནང་བ་རེད།
    ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཁེ་དབང་སྲུང་སྐྱོང་གི་ཁྲིམས་སྒྱུར་ནུས་ལྡན་བྱས་ནས་རང་རྒྱལ་གྱི་མངའ་ཁོངས་བདག་དབང་དང་རྒྱ་མཚོའི་ཁེ་དབང་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་དགོས། མཚོ་ཐོག་ཁྲིམས་སྒྱུར་མཉམ་སྒྲུབ་དང་གཞོགས་འདེགས་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་ནས་མཚོ་ཐོག་གི་ཁྲིམས་འགལ་ཉེས་གསོག་བྱེད་སྤྱོད་ལ་ཁྲིམས་ལྟར་རྡུང་རྡེག་ཚ་ནན་བཏང་སྟེ་རང་རྒྱལ་གྱི་རྒྱ་མཚོའི་དཔལ་འབྱོར་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་བར་སྲུང་སྐྱོང་བྱེད་དགོས། མཚོ་ཐོག་ཁྲིམས་སྒྱུར་ཏན་ཏིག་བྱས་ནས་ཕྱི་ཕྱོགས་དང་སྤེལ་རེས་མཉམ་ལས་བྱས་ཏེ་རྒྱལ་སྤྱི་དང་ས་ཁུལ་གྱི་རྒྱ་མཚོ་བཅོས་སྐྱོང་ལ་ཧུར་ཐག་ཞུགས་དགོས།
   ཞི་ཅིན་ཕིང་གིས་གསུངས་དོན། དེང་སྐབས་ལ་གཞི་ཚུགས་པ་དང་ཕུགས་ལ་དམིགས་ཏེ་སྤྱི་ཡོངས་ཇུས་འགོད་དང་ལས་དོན་ལ་སྤྱི་འདོམས་བྱེད་ཤུགས་ཆེ་རུ་བཏང་ནས་ལམ་མཚོན་དཔེ་རིས་དང་ཨར་ལས་ས་བཀྲ་ཡག་པོ་བཟོས་ཏེ་བཀོད་འདོམས་པུའུ་འཛུགས་སྐྱོང་གི་ཆུ་ཚད་མཐོ་རུ་ཏན་ཏིག་གཏོང་དགོས། འབྲེལ་ཡོད་སྒྱུར་བཅོས་ཀྱི་ལས་འགན་དོན་འཁྱོལ་ལ་དམ་འཛིན་ཡག་པོ་བྱེད་པ་དང་སྟོབས་ཤུགས་མ་ལག་བཟང་སྒྲིག་རིམ་སྤོར་ལ་སྐུལ་འདེད་བཏང་སྟེ་བཀོད་འདོམས་པུའུ་འཛུགས་སྐྱོང་ལ་ཆ་རྐྱེན་དེ་བས་ཡག་པོ་སྐྲུན་དགོས།
   ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། བཀོད་འདོམས་པུའི་ཏང་འཛུགས་སྐྱོང་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་བརྒྱབ་སྟེ་ཆབ་སྲིད་ཐད་ཉམས་སད་ཐེག་པའི་འགན་ལེན་བྱེད་དགོས། བརྗོད་དོན་གཙོ་བོའི་སློབ་གསོ་ཁག་གཉིས་པ་གཏིང་ཟབ་སྤེལ་བཞིན་ཡོད་པས་ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་འགོག་གང་ཐུབ་བྱེད་པ་དང་། གནད་དོན་དངོས་ཐག་གཅོད་ཏན་ཏིག་བྱས་ནས་གྲུབ་འབྲས་ཏན་ཏིག་འཐོབ་པར་བྱེད་དགོས། སློབ་གསོ་དང་དོ་དམ་ནན་པོ་བྱས་ནས་རྒྱུན་གཏན་རང་བཞིན་དང་རྨང་གཞིའི་རང་བཞིན་གྱི་ལས་དོན་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱས་ཏེ་སྒྲིག་ལམ་ཚད་ལྡན་དང་བདེ་འཇགས་བརྟན་ལྷིང་འགན་ལེན་བྱེད་དགོས། གཞི་རིམ་འཛུགས་སྐྱོང་ལ་ཚད་མཐོའི་མཐོང་ཆེན་བྱས་ནས་དམག་འཐབ་ཀྱི་མཁར་རྫོང་བརྟན་པོ་བསྐྲུན་ཏེ་གཞི་རིམ་གྱི་རང་ངོས་འཛུགས་སྐྱོང་ནུས་པ་ཆེ་རུ་གཏོང་དགོས། རིམ་པ་ཁག་གིས་ལྷག་བསམ་རྣམ་དག་ངང་གཞི་རིམ་གྱི་སེམས་ཁྲལ་དང་དཀའ་ངལ་སེལ་བ་དང་། ལས་སྒྲུབ་ལས་གཏོད་བྱེད་པའི་ཚང་མའི་ཧུར་སེམས་འཕེལ་བར་བྱས་ནས། སེམས་ནུས་གཅིག་སྒྲིལ་གྱིས་བཀོད་འདོམས་པུའུ་འཛུགས་སྐྱོང་གི་རྣམ་པ་གསར་པ་གཏོད་དགོས།