འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།《ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ》དེབ་དང་པོའི་སེང་ཅ་ལུའོ་ཡི་ཡི་གེའི་དཔར་མའི་མཉམ་
སྤྱོད་སྤེལ་རེས་ཚོགས་འདུ་སི་རི་ལན་ཁར་འཚོགས་པ།

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 12ཚེས་03ཉིན། 13:59】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ཁོ་ལོན་པོ་ནས་ཟླ་12ཚེས་1ཉིན་གློག་འཕྲིན་འབྱོར་གསལ། ཉིན་ཤས་གོང《ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ》དེབ་དང་པོའི་སེང་ཅ་ལུའོ་ཡི་ཡི་གེའི་དཔར་མའི་མཉམ་སྤྱོད་སྤེལ་རེས་ཚོགས་འདུ་སི་རི་ལན་ཁའི་རྒྱལ་ས་ཁོ་ལོན་པོར་འཚོགས་ཤིང་། སི་རི་ལན་ཁར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ཆི་ཀྲེན་ཧུང་དང་། ཀྲུང་གོ་ཕྱི་རྒྱལ་སྐད་ཡིག་ཅུས་ཀྱི་ཅུས་ཀྲང་གཞོན་པ་ལིའུ་ཏ་ཝེ། སི་རི་ལན་ཁའི་དམངས་ཚོགས་སྨྱན་སྦྱོར་པུའི་པུའུ་ཀྲང་པན་ཏུའུ་ལ·ཀུའུ་ན་ཝ་ཏེ་ན་དང་དེ་བཞིན་སི་རི་ལན་ཁའི་འབྲེལ་ཡོད་རིགས་གཅིག་མཁས་ཅན་དང་། མཁས་དབང་། སྨྱན་སྦྱོར་ལས་རིགས་ཀྱི་མི་སྣ་བཅས་བརྒྱ་ལ་ཉེ་བ་ཞུགས་ཡོད་པ་རེད།
   ཆི་ཀྲེན་ཧུང་གིས《ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ》དེབ་དང་པོའི་སེང་ཅ་ལུའོ་ཡི་ཡི་གེའི་དཔར་མའི་མཉམ་སྤྱོད་སྤེལ་རེས་ཚོགས་འདུ་སི་རི་ལན་ཁར་ཐེངས་དང་པོར་འཚོགས་ཤིང་། དེ་ནི་རྒྱལ་ཁབ་གཉིས་པོའི་རྒྱལ་སྲིད་སྐྱོང་ལུགས་སྐོར་གྱི་ཉམས་མྱོང་སྤེལ་རེས་ཀྱི་དོན་ཆེན་ཞིག་ཡིན་ལ་རྒྱལ་ཁབ་གཉིས་པོའི་རིག་གནས་སྤེལ་རེས་དང་མཛའ་གྲོགས་ཟབ་ཏུ་གཏོང་བའི་གོ་སྐབས་གལ་ཆེན་ཞིག་ཀྱང་ཡིན་པས་ཚོགས་འདུས་སི་རི་ལན་ཁར་རང་ངོས་འཕེལ་རྒྱས་མགྱོགས་སུ་གཏོང་བར་དགེ་མཚན་ལྡན་པའི་དཔྱད་གཞི་མཁོ་འདོན་ཐུབ་རྒྱུའི་ཡིད་ཆེས་ཡོད་ཅེས་བརྗོད་པ་རེད།
   ལིའུ་ཏ་ཝེ་ཡིས་ཀྲུང་གོས་མི་དམངས་གོང་དུ་བཀུར་བའི་རིན་ཐང་དོན་གཉེར་མཐའ་འཁྱོངས་དང་། རྒྱལ་ཁབ་ཀྱི་གནས་ཚུལ་ལ་གཞི་ཚུགས་པའི་འཕེལ་རྒྱས་ཀྱི་འདུ་ཤེས་མཐའ་འཁྱོངས། སྒོ་དབྱེ་བསྟུན་མཁས་ཀྱི་ཤེས་དཔལ་འདུ་ཤེས་མཐའ་འཁྱོངས། མཉམ་ལས་གཉིས་ཕན་གྱི་གནམ་འོག་གི་བརྩེ་སེམས་མཐའ་འཁྱོངས་སོགས་ཀྱི་ཐད་རང་ཉིད་ཀྱི་མྱོང་ཚོར་མཉམ་སྤྱོད་བྱས་ནས། སི་རི་ལན་ཁ་ཕྱོགས་དང་མཉམ་ལས་བྱེད་པའི་ཁྱབ་ཁོངས་སྔར་བས་རྒྱ་ཆེར་གཏོང་བ། འབྲེལ་གཏུག་མཐུན་སྦྱོར་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། མཉམ་ལས་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱ་རྒྱུའི་རེ་བ་ཡོད།
    ཀུའུ་ན་ཝ་ཏེ་ན་ཡིས་ཀྲུང་གོར་སློབ་སྦྱོང་བྱེད་པ་དང་ཀྲུང་གོར་འཚམས་འདྲི་ཐེངས་མང་བྱས་པའི་མྱོང་ཚོར་དངོས་དང་ཟུང་འབྲེལ་བྱས་ནས《ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བའི》ཁྲོད་ཀྱི་ཀྲུང་གོའི་དབུལ་སྒྲོལ་འགག་སྒྲོལ་དང་། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་པ། དཔལ་འབྱོར་མགྱོགས་མྱུར་འཕེལ་རྒྱས་སོགས་ཀྱི་ནང་དོན་ངོ་སྤྲོད་བྱས་ནས་སི་རི་ལན་ཁས་ཀྲུང་གོའི་འཕེལ་རྒྱས་ཀྱི་ཉམས་མྱོང་དཔྱད་གཞིར་འཛིན་པ་དང་། རང་ངོས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། སི་ཀྲུང་དབར་གྱི་སྤེལ་རེས་དང་མཉམ་ལས་ལ་སྐུལ་འདེད་གཏོང་བ་བཅས་བྱ་རྒྱུའི་རེ་འབོད་བྱས་པ་རེད།
   སི་རི་ལན་ཁའི་ཁའེ་ལ་ཉི་ཡ་སློབ་ཆེན་གྱི་དགེ་རྒན་ཆེ་མོ་བ་ཕི་ཡ་ཏ་ས་དང་། མཁས་དབང་ཝུའེ་ཁེ་ལེ་མ་ཤིན་ཧ། དེ་བཞིན་དེབ་འདི་སྒྱུར་མཁན་མཱ་ཀྲུང་ཝུའུ་བཅས་ཀྱིས་ཟུར་ཚད་མི་འདྲ་བའི་ཐོག་ནས《ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བའི》འབྲེལ་ཡོད་ནང་དོན་ངོ་སྤྲོད་བྱས་པ་དང་དཔེ་ཀློག་གི་མྱོང་ཚོར་མཉམ་སྤྱོད་བྱས་པ་རེད།
   《ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ》དེབ་དང་པོའི་སེང་ཅ་ལུའོ་ཡི་ཡི་གེའི་དཔར་མ་དེ་སི་རི་ལན་ཁའི་ས་ལ་ས་ཝུའེ་ཚོགས་པས་དཔེ་སྐྲུན་འགྲེམས་སྤེལ་བྱས་པ་དེ་ནི་ཀྲུང་གོ་དང་སི་རི་ལན་ཁའི་དཔེ་དེབ་དཔེ་སྐྲུན་ཁྱབ་ཁོངས་ཀྱི་གྲུབ་འབྲས་གལ་ཆེན་ཞིག་རེད། 《ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ》དེབ་གཉིས་པའི་སེང་ཅ་ལུའོ་ཡི་ཡི་གེའི་དཔར་མའི་ཡིག་སྒྱུར་ལས་དོན་ཡང་སྤྱིར་ན་ལེགས་གྲུབ་ཟིན་ཡོད་པ་རེད།