འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།ཞི་ཅིན་ཕིང་གིས་འབྲི་ཆུའི་ཟུར་གསུམ་ཁུལ་གཞི་གཅིག་ཅན་གྱི་འཕེལ་རྒྱས་ལ་སྐུལ་འདེད་གཏིང་ཟབ་གཏོང་བའི་བཞུགས་
མོལ་ཚོགས་འདུ་གཙོ་སྐྱོང་གནང་བ།

ལི་ཆང་དང་ཚའེ་ཆི་ཚོགས་འདུར་ཞུགས་པ།

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 12ཚེས་02ཉིན། 12:04】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
ཟླ་11ཚེས་30ཉིན་གྱི་སྔ་དྲོར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཧྲང་ཧའེ་རུ་འབྲི་ཆུའི་ཟུར་གསུམ་ཁུལ་གཞི་གཅིག་ཅན་གྱི་འཕེལ་རྒྱས་ལ་སྐུལ་འདེད་གཏིང་ཟབ་གཏོང་བའི་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་ནས་གསུང་བཤད་གལ་ཆེན་གནང་བ།
ཟླ་11ཚེས་30ཉིན་གྱི་སྔ་དྲོར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཧྲང་ཧའེ་རུ་འབྲི་ཆུའི་ཟུར་གསུམ་ཁུལ་གཞི་གཅིག་ཅན་གྱི་འཕེལ་རྒྱས་ལ་སྐུལ་འདེད་གཏིང་ཟབ་གཏོང་བའི་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་ནས་གསུང་བཤད་གལ་ཆེན་གནང་བ།
    ཤིན་ཧྭ་གསར་འགྱུར་ཁང་ཧྲང་ཧའེ་ནས་ཟླ་11ཚེས་30ཉིན་གློག་འཕྲིན་འབྱོར་གསལ། ཚེས་30ཉིན་གྱི་སྔ་དྲོར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཧྲང་ཧའེ་རུ་འབྲི་ཆུའི་ཟུར་གསུམ་ཁུལ་གཞི་གཅིག་ཅན་གྱི་འཕེལ་རྒྱས་ལ་སྐུལ་འདེད་གཏིང་ཟབ་གཏོང་བའི་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་ནས་གསུང་བཤད་གལ་ཆེན་གནང་བ་རེད། ཁོང་གིས་འབྲི་ཆུའི་ཟུར་གསུམ་ཁུལ་གཞི་གཅིག་ཅན་གྱི་འཕེལ་རྒྱས་ལ་སྐུལ་འདེད་གཏིང་ཟབ་བཏང་ནས་གསར་གཏོད་ཀྱི་ནུས་པ་དང་། ཐོན་ལས་ཀྱི་འགྲན་རྩོད་ནུས་པ། འཕེལ་རྒྱས་ཀྱི་ནུས་པ་བཅས་སྔར་བས་ཆེ་རུ་བཏང་སྟེ་རིམ་པ་དེ་བས་མཐོ་བའི་སྒྱུར་བཅོས་སྒོ་དབྱེའི་རྣམ་པ་གསར་པ་སྔོན་ལ་གྲུབ་པ་བྱ་རྒྱུ་དེ། རང་རྒྱལ་གྱིས་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་པ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ་བཅས་ཀྱི་ངོས་ནས་བརྗོད་ན་དོན་སྙིང་གལ་ཆེན་ལྡན་ཡོད། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་བ་དང་། གནད་ལ་འཁེལ་བ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ལག་བསྟར་བྱས་ཏེ་གཞི་གཅིག་ཅན་དང་སྤུས་ཚད་མཐོ་བའི་འགག་རྩའི་ཚིག་གཉིས་ལ་དམ་པོར་དམིགས་པ་དང་། གོ་ལ་ཧྲིལ་པོའི་མིག་རྒྱང་དང་འཐབ་ཇུས་ཀྱི་བསམ་གཞིག་འཛུགས་པ། བློ་བརྟན་འགྱུར་མེད་ངང་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ་དང་ཆུ་ཚད་མཐོ་བའི་སྒོ་མོ་འབྱེད་རྒྱ་ཆེ་རུ་གཏོང་བ་བཅས་བྱས་ནས་ཚན་རྩལ་གསར་གཏོད་དང་ཐོན་ལས་གསར་གཏོད་སྤྱི་འདོམས་དང་། སྣེ་འདྲེན་གྱི་སྣེ་ཁྲིད་དང་རང་རང་སོ་སོའི་ལེགས་ཆ་འདོན་སྤེལ་ལ་སྤྱི་འདོམས། མཁྲེགས་ཆས་སྦྲེལ་མཐུད་དང་ལམ་སྲོལ་མཐུན་སྦྱོར་ལ་སྤྱི་འདོམས། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དང་དཔལ་འབྱོར་འཕེལ་རྒྱས་ལ་སྤྱི་འདོམས་བཅས་བྱས་ཏེ། ཐུན་མོང་འབྱོར་ཕྱུག་ལ་སྐུལ་འདེད་གཏོང་བར་སྔོན་ལ་མིག་དཔེ་འདོན་པ་དང་། ཀྲུང་ཧྭ་མི་རིགས་ཀྱི་དེང་རབས་ཤེས་དཔལ་འཛུགས་སྐྱོང་ཐད་འཚོལ་ཞིབ་ཧུར་ཐག འབྲི་ཆུའི་ཟུར་གསུམ་ཁུལ་གཞི་གཅིག་ཅན་གྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་ཚད་བརྒལ་གསར་པ་གལ་ཆེན་ཡོང་བར་བྱེད་པ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ཁྲོད་མདུན་གྲལ་དུ་སྐྱོད་པ་བཅས་བྱས་ཏེ་སྔོན་ལ་ལམ་བུ་འཚོལ་ཞིབ་དང་། དཔེ་སྟོན་སྣེ་ཁྲིད། ཁྱབ་འགྱེད་སྣེ་ཁྲིད་བཅས་ཀྱི་ནུས་པ་དེ་བས་འདོན་སྤེལ་ཡག་པོ་བྱེད་དགོས་པའི་ནན་བཤད་གནང་བ་རེད།
    ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་དང་ཀྲུང་དབྱང་གཞུང་དོན་ཐིང་གི་ཀྲུའུ་རེན་ཚའེ་ཆི་བཞུགས་མོལ་ཚོགས་འདུར་ཞུགས་པ་རེད།
    ཞི་ཅིན་ཕིང་གིས་ཧྲང་ཧའེ་རུ་བརྟག་ཞིབ་གནང་རིང་ཆེད་མངགས་ད་ཐེངས་ཀྱི་བཞུགས་མོལ་ཚོགས་འདུ་དེ་འཚོགས་ཤིང་། བཞུགས་མོལ་ཚོགས་འདུར་རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་གྱི་ཀྲུའུ་རེན་ཀྲེན་ཧྲན་ཅེ་དང་། ཧྲང་ཧའེ་གྲོང་ཨུད་ཀྱི་ཧྲུའུ་ཅི་ཁྲེན་ཅི་ཉིང་། ཅང་སུའུ་ཞིང་ཨུད་ཀྱི་ཧྲུའུ་ཅི་ཤིན་ཁྲང་ཤིན། ཀྲེ་ཅང་ཞིང་ཨུད་ཀྱི་ཧྲུའུ་ཅི་དབྱི་ལན་ཧུང་། ཨན་ཧུའེ་ཞིང་ཨུད་ཀྱི་ཧྲུའུ་ཅི་ཧན་ཅུན་བཅས་ཀྱིས་སྔ་རྗེས་སུ་གཏམ་བཤད་སྤེལ་ནས་འབྲི་ཆུའི་ཟུར་གསུམ་ཁུལ་གཞི་གཅིག་ཅན་གྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ལས་དོན་གནས་ཚུལ་སྙན་སེང་ཞུས་པ་དང་བསམ་འཆར་དང་གྲོས་འགོ་བཏོན་པ་རེད།
    ཚང་མའི་གཏམ་བཤད་གསན་རྗེས། ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་ཞིང་། ཁོང་གིས་འབྲི་ཆུའི་ཟུར་གསུམ་ཁུལ་གཞི་གཅིག་ཅན་གྱི་འཕེལ་རྒྱས་ཀྱི་འཐབ་ཇུས་བཏོན་པ་དང་ལག་བསྟར་བྱས་ནས་ལོ་5སོང་རིང་། འཆར་འགོད་སྲིད་ཇུས་ཀྱི་མ་ལག་གྲུབ་པ་དང་ཟམ་མི་ཆད་པར་འཐུས་སྒོ་ཚང་དུ་ཕྱིན་པ་མ་ཟད། ཤུགས་དང་ལྡན་ཞིང་གསོན་ཉམས་དོད་པའི་འཕར་སྣེའི་ནུས་པ་རྒྱུན་ཆད་མེད་པར་བརྟན་དུ་དང་ཆེ་རུ་ཕྱིན་པ་དང་། དེང་རབས་ཅན་གྱི་ཐོན་ལས་མ་ལག་མགྱོགས་མྱུར་བཙུགས་པ། ས་ཁོངས་མཐུན་སྦྱོར་འཕེལ་རྒྱས་ལ་ཚད་བརྒལ་གལ་ཆེན་བྱུང་བ། སྒྱུར་བཅོས་སྒོ་དབྱེར་གོམ་སྟབས་གསར་པ་སྤོས་པ། སྐྱེ་ཁམས་ཁོར་ཡུག་མཉམ་སྲུང་མཉམ་བཅོས་ལ་སྐུལ་འདེད་ཏན་ཏིག་ཐེབས་པ། འབྲི་ཆུའི་ཟུར་གསུམ་ཁུལ་ས་ཁོངས་ཀྱི་སྤྱི་ཡོངས་ཀྱི་སྟོབས་ཤུགས་དང་ཕྱོགས་བསྡུས་འགྲན་རྩོད་ནུས་པ་རྒྱུན་མཐུད་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་གནས་པ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ཁྱད་འཕགས་རང་བཞིན་མངོན་པའི་སྐར་ཁུང་གལ་ཆེན་དང་རང་རྒྱལ་རྒྱལ་སྤྱིའི་འགྲན་རྩོད་མཉམ་ལས་ནང་ཞུགས་པའི་ལས་སྟེགས་གལ་ཆེན་གྱི་ནུས་པ་ཉིན་བཞིན་མངོན་པ་བཅས་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་པ་དང་ཆུ་ཚད་མཐོ་པོས་ཕྱི་ཕྱོགས་ལ་སྒོ་མོ་འབྱེད་པར་སྐུལ་འདེད་གཏོང་ཆེད་འཐབ་ཇུས་ཀྱི་རང་འགུལ་ཐོབ་ཡོད། དེ་དང་ཆབས་ཅིག་ད་དུང་འབྲི་ཆུའི་ཟུར་གསུམ་ཁུལ་གཞི་གཅིག་ཅན་གྱི་འཕེལ་རྒྱས་ཐད་གཏིང་ཟབ་པའི་གནད་དོན་མང་པོ་ད་དུང་ཐག་གཅོད་བྱེད་དགོས་པ་དང་། འཕེལ་རྒྱས་ཀྱི་སྤུས་ཚད་ལས་ཕྱོད་དང་ཁྱབ་འགྱེད་སྣེ་ཁྲིད་ནུས་པ་ད་དུང་མཐོ་རུ་གཏོང་དགོས་པ། གཙོ་གནད་ཁྱབ་ཁོངས་དང་གཙོ་གནད་ས་ཁོངས་གཞི་གཅིག་ཅན་དུ་འགྱུར་བར་ད་དུང་འབད་བརྩོན་བྱེད་དགོས་པ། ཐོན་ལས་འཁོར་འབྲེལ་དང་མཁོ་སྤྲོད་འཁོར་འབྲེལ་གྱི་ལས་བགོས་མཉམ་ལས་ཀྱི་ཆུ་ཚད་ད་དུང་མཐོ་རུ་གཏོང་དགོས་པ། རྒྱལ་ཡོངས་གཅིག་གྱུར་གྱི་ཁྲོམ་ར་ཆེན་པོ་འཛུགས་པའི་སྣེ་འདྲེན་སྐུལ་ཁྲིད་ཀྱི་ནུས་པ་སྔར་བས་འདོན་སྤེལ་བྱེད་དགོས་པ། སྒྱུར་བཅོས་སྒོ་དབྱེ་ད་དུང་སྔར་བས་གཏིང་ཟབ་ཀྱི་ཕྱོགས་སུ་རྒྱ་སྐྱེད་གཏོང་དགོས་པ། གྲོང་ཁྱེར་ཆེན་པོ་བཅོས་སྐྱོང་དང་འཕེལ་རྒྱས་གཏོང་བར་ད་དུང་ཞན་ཆ་མི་ཉུང་བ་ཞིག་ཡོད་པ་བཅས་མཐོང་ཐུབ་པ་བྱེད་དགོས། འབྲི་ཆུའི་ཟུར་གསུམ་ཁུལ་གཞི་གཅིག་ཅན་གྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་ནི་ལས་དོན་གལ་ཆེན་ཞིག་ཡིན་པས་བརྟན་ཐོག་ཡར་འཕེལ་མཐའ་འཁྱོངས་ཀྱིས་མི་རབས་ནས་མི་རབས་བར་བསྟུད་མར་བསྒྲུབས་ཏེ་འབྲི་ཆུའི་ཟུར་གསུམ་ཁུལ་གཞི་གཅིག་ཅན་གྱི་འཕེལ་རྒྱས་ཀྱི་ལེའུ་གསར་པ་ཟམ་མི་ཆད་པར་རྩོམ་དགོས་ཞེས་གསུངས་པ་རེད།
    ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། འབྲི་ཆུའི་ཟུར་གསུམ་ཁུལ་ས་ཁོངས་ཀྱིས་ཚན་རྩལ་གསར་གཏོད་དང་ཐོན་ལས་གསར་གཏོད་ས་ཁོངས་ལས་སྒྲོལ་བའི་མཐུན་སྦྱོར་ལ་ཤུགས་སྣོན་རྒྱག་དགོས། ཚན་རྩལ་གསར་གཏོད་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ་དང་། ཚན་རྩལ་གསར་གཏོད་དང་ཐོན་ལས་གསར་གཏོད་མཉམ་འདྲེས་གཏིང་ཟབ་ལ་ཤུགས་སྣོན་རྒྱག་པ། ཐོན་ལས་གསར་པ་དང་། ལས་རྣམ་གསར་པ། བྱེད་ཐབས་གསར་པ་བཅས་ཐོན་པར་སྐུལ་འདེད་གཏོང་བ། འཕེལ་རྒྱས་ཀྱི་བར་མཐོངས་གསར་པ་རྒྱ་ཆེར་གཏོང་བ། འཕེལ་རྒྱས་ཀྱི་སྒུལ་ནུས་གསར་པ་སྐྱེད་སྲིང་བཅས་བྱས་ཏེ་འབྲི་ཆུའི་དཔལ་འབྱོར་ཁུལ་དང་རྒྱལ་ཡོངས་སུ་ཁྱབ་འགྱེད་དེ་བས་མཉམ་འགུལ་ལེགས་པོ་བྱེད་དགོས། ས་ཁོངས་ལས་བསྒྲལ་བ་དང་སྡེ་ཚན་བསྒྲལ་ནས་ཚན་རྩལ་གསར་གཏོད་ཀྱི་སྟོབས་ཤུགས་དང་ལེགས་ཆའི་ཐོན་ཁུངས་བསྡུ་སྒྲིལ་བྱས་ཏེ་དྲག་གྲས་མཉམ་འབྲེལ་བྱས་ནས་ཚན་རྩལ་གསར་གཏོད་ཀྱི་འབྱུང་གནས་གཏོད་དགོས། དེ་བས་སྒོ་དབྱེའི་བསམ་གཞིག་དང་བྱེད་ཐབས་ནས་རྒྱལ་སྤྱིའི་ཚན་རྩལ་མཉམ་ལས་ནང་ཞུགས་ཏེ་གོ་ལ་ཧྲིལ་པོའི་འགྲན་རྩོད་ནུས་པ་དེ་བས་ལྡན་པའི་གསར་གཏོད་ཁོར་ཡུག་གཏོད་དགོས།
    ཞི་ཅིན་ཕིང་གིས་བསྟན་དོན། འབྲི་ཆུའི་ཟུར་གསུམ་ཁུལ་ས་ཁོངས་ཀྱིས་གཞི་གཅིག་ཅན་གྱི་འཕེལ་རྒྱས་སྒྲིག་སྲོལ་ལམ་སྲོལ་མགྱོགས་མྱུར་འཐུས་སྒོ་ཚང་དུ་གཏོང་བར། སྒྲིག་སྲོལ་ལམ་སྲོལ་ནས་ངེས་པར་དུ་ས་ཁུལ་ཁག་བགོས་དང་སྲིད་འཛིན་གྱི་འགོག་རྐྱེན་མེད་པར་བཟོས་ཏེ་གཞི་གཅིག་ཅན་གྱི་འཕེལ་རྒྱས་ལ་ལམ་ལུགས་ནས་འགན་ལེན་བྱེད་དགོས། གཞི་གཅིག་ཅན་གྱི་འདུ་ཤེས་ཟབ་ཏུ་གཏོང་བ་དང་། བསམ་ཇུས་གཅིག་གི་བསམ་བློ་མཐའ་འཁྱོངས་བྱེད་པ། ལམ་ལུགས་དང་སྒྲིག་སྲོལ་ལམ་སྲོལ་གསར་གཏོད་བྱེད་ཤུགས་ཆེ་རུ་གཏོང་བ། གཙོ་གནད་ཁྱབ་ཁོངས་དང་གཙོ་གནད་ས་ཁོངས་སུ་ཚད་བརྒལ་དེ་བས་ཆེ་བ་ཡོང་བར་བྱེད་པ། སྒྱུར་བཅོས་བྱ་ཐབས་ཁག་གི་མ་ལག་འདུས་གྲུབ་དང་མཐུན་སྦྱོར་གཞོགས་འདེགས་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ནས་གཞི་གཅིག་ཅན་གྱི་རིམ་པ་དེ་བས་གཏིང་ཟབ་དང་དེ་བས་རྒྱ་ཆེ་བའི་ཁྱབ་ཁོངས་སུ་རྒྱ་སྐྱེད་གཏོང་བར་སྐུལ་འདེད་གཏོང་དགོས།
    ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། འབྲི་ཆུའི་ཟུར་གསུམ་ཁུལ་ས་ཁོངས་ཀྱིས་རིམ་པ་མཐོ་བའི་མཐུན་སྦྱོར་སྒོ་དབྱེར་སྐུལ་འདེད་ཧུར་ཐག་གཏོང་དགོས། ལམ་ལུགས་རྣམ་པའི་སྒོ་དབྱེ་གཙོ་གནད་དུ་བྱེད་པའི་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་དབྱེར་སྐུལ་འདེད་གཏོང་བ་དང་སྒྱུར་བཅོས་ཀྱི་ཉམས་མྱོང་ལ་ཕན་ཚུན་སློབ་སྦྱོང་བྱེད་རེས་དང་དཔྱད་གཞིར་འཛིན་པ་དང་འདྲ་བཟོ་ཁྱབ་གདལ་གཏོང་བར་ཤུགས་སྣོན་བརྒྱབ་སྟེ། རང་རྒྱལ་གྱི་དཔལ་འབྱོར་འཁོར་རྒྱུག་ཆེན་པོ་ཤར་བགྲོད་ཐུབ་པའི་སྒུལ་ཤུགས་ཆེན་པོ་དང་རྒྱལ་ནང་དང་རྒྱལ་སྤྱིའི་འཁོར་རྒྱུག་གཉིས་སྦྲེལ་མཐུད་བྱེད་པའི་འཐབ་ཇུས་ཀྱི་ལྟེ་བར་ཧུར་ཐག་འགྱུར་བར་བྱེད་དགོས།
    ཞི་ཅིན་ཕིང་གིས་བསྟན་དོན། འབྲི་ཆུའི་ཟུར་གསུམ་ཁུལ་ས་ཁོངས་ཀྱིས་སྐྱེ་ཁམས་ཁོར་ཡུག་མཉམ་སྲུང་མཉམ་བཅོས་ལ་ཤུགས་སྣོན་རྒྱག་དགོས། ཞིང་ཆེན་གསུམ་དང་གྲོང་ཁྱེར་གཅིག་གི་སྐྱེ་ཁམས་སྲུང་སྐྱོང་གི་དམར་ཐིག་འབྲེལ་མཐུད་ཚགས་ཚུད་ལ་ཤུགས་སྣོན་རྒྱག་པ་དང་། སྐྱེ་ཁམས་སྲུང་བཅད་དང་སྐྱེ་ཁམས་བར་ཁྱམས་གལ་ཆེན་མཉམ་སྲུང་ལ་སྐུལ་འདེད་གཏོང་བ། རླུང་ཁམས་ཆེན་པོ་དང་། ཆུ། ས་རྒྱུ་བཅས་ཀྱི་སྦགས་བཙོག་ཕྱོགས་བསྡུས་འགོག་བཅོས་ལ་ཤུགས་སྣོན་རྒྱག་པ། ས་ཁོངས་ལས་སྒྲོལ་བའི་གཙང་པོ་མཉམ་སྲུང་མཉམ་བཅོས་གཏིང་ཟབ་བྱེད་པ། ནུས་རྒྱུ་གྲོན་ཆུང་དང་། བཙོག་འབུད་ཉུང་གཏོང་། ཐཱན་ཉུང་གཏོང་བཅས་ས་ཁོངས་ཀྱི་སྲིད་ཇུས་མཐུན་སྦྱོར་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ནས་ས་ཁོངས་ལྗང་མདོག་བཟོ་སྐྲུན་མ་ལག་སྐྲུན་དགོས།
    ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། འབྲི་ཆུའི་ཟུར་གསུམ་ཁུལ་ས་ཁོངས་ཀྱིས་བདེ་འཇགས་འཕེལ་རྒྱས་ཀྱི་ནུས་པ་ཆེ་རུ་གཏོང་བར་ཤུགས་སྣོན་རྒྱག་དགོས། སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ་ལག་བསྟར་དང་། མཐའ་ཚད་བསམ་གཞིག་མཐའ་འཁྱོངས། འཕེལ་རྒྱས་དང་བདེ་འཇགས་ལ་སྤྱི་འདོམས་ཡག་པོ་བྱེད་པ། རྒྱལ་ཁབ་དང་ས་ཁོངས་ཀྱི་བདེ་འཇགས་དང་འབྲེལ་བའི་ཚན་རྩལ་དང་། ཐོན་ལས། དངུལ་རྩ་སོགས་ཁྱབ་ཁོངས་དང་རྨང་གཞིའི་སྒྲིག་བཀོད་གལ་ཆེན་ལ་དམ་པོར་དམིགས་པ། ཉེན་ཁ་སྔོན་འགོག་དང་ཚོད་འཛིན་མ་ལག་དང་ནུས་པ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ་བདེ་འཇགས་འཕེལ་རྒྱས་ཀྱི་རྨང་གཞི་བརྟན་དུ་གཏོང་དགོས།
    ཞི་ཅིན་ཕིང་གིས་བསྟན་དོན། འབྲི་ཆུའི་ཟུར་གསུམ་ཁུལ་གཞི་གཅིག་ཅན་གྱི་འཕེལ་རྒྱས་ལ་སྐུལ་འདེད་གཏིང་ཟབ་གཏོང་བར་ངེས་པར་དུ་ཏང་གིས་ཕྱོགས་ཡོངས་ལ་འགོ་ཁྲིད་བྱེད་རྒྱུ་མཐའ་འཁྱོངས་དང་དེར་ཤུགས་སྣོན་རྒྱག་དགོས། ཀྲུང་དབྱང་གི་ས་ཁོངས་མཐུན་སྦྱོར་འཕེལ་རྒྱས་འགོ་ཁྲིད་ཚོགས་ཆུང་གི་སྤྱི་འདོམས་མཐུན་སྦྱོར་གྱི་འགན་ནུས་གང་ལེགས་བཏོན་ནས་འཆར་འགོད་རྩ་གནད་ཀྱི་འཐབ་ཇུས་སྣེ་ཁྲིད་ནུས་པ་མཐའ་འཁྱོངས་བྱེད་དགོས། ཞིང་ཆེན་གསུམ་དང་གྲོང་ཁྱེར་གཅིག་གིས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་ནན་ཏན་བྱེད་པ་དང་། རྩ་འཛུགས་འགོ་ཁྲིད་དང་བརྟག་དཔྱད་ཞིབ་འཇུག་ལ་ཤུགས་སྣོན་རྒྱག་པ། མཐུན་སྦྱོར་མཉམ་གྲོས་དང་ལྟ་སྐུལ་ཞིབ་བཤེར་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ནས་གནད་དོན་གལ་ཆེན་ཐག་གཅོད་དང་། སྒྱུར་བཅོས་གལ་ཆེན་དོན་འཁྱོལ། གཙོ་གནད་ལས་འགན་དོན་འཁྱོལ་བཅས་ལ་སྐུལ་འདེད་གཏོང་དགོས། ལྷག་བསམ་རྣམ་དག་དང་། སྤྱོད་གཙང་། འགན་འཁུར་ཕོད་པ་བཅས་ཀྱི་བྱང་ཚད་མཐོ་བའི་ཆེད་ལས་ཅན་གྱི་ལས་བྱེད་པའི་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་སྟེ་ལས་བྱེད་པས་བློ་ཁོག་ཆེན་པོས་གསར་འབྱེད་དང་ཐེག་པ་འཁུར་ལེན་ཐུབ་པར་ལྕག་སྐུལ་བྱེད་དགོས། བརྗོད་དོན་གཙོ་བོའི་སློབ་གསོ་ཁག་གཉིས་པར་དམ་འཛིན་ཏན་ཏིག་བྱས་ཏེ་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བར་སྐུལ་འདེད་གཏིང་ཟབ་གཏོང་བ་དང་། རུལ་སུངས་བྱེད་མི་ཕོད་པ་དང་། རུལ་སུངས་བྱེད་མི་ཐུབ་པ། རུལ་སུངས་བྱེད་མི་འདོད་པ་བཅས་ལ་སྡེབ་གཅིག་ཏུ་སྐུལ་འདེད་གཏོང་བ། རིམ་ཁག་ཏང་རྩ་འཛུགས་ཀྱི་ཆབ་སྲིད་ནུས་པ་དང་རྩ་འཛུགས་ཀྱི་ནུས་པ་ཆེ་རུ་གཏོང་བ་བཅས་བྱས་ཏེ་སྒྲིག་ཁྲིམས་ནན་པོ་དང་། སྤྱོད་ཚུལ་ལེགས་པ། སྤྱོད་གཙང་བཅས་ལ་བརྟེན་ནས་ལས་དོན་ཁག་དོན་འཁྱོལ་བྱེད་དགོས།
    ལི་ཆང་གིས་གསུང་བཤད་གནང་སྐབས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ནན་ཏན་དང་། གོ་བ་ལེན་པ། ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ་འབྲི་ཆུའི་ཟུར་གསུམ་ཁུལ་གཞི་གཅིག་ཅན་གྱི་འཕེལ་རྒྱས་དེ་རྒྱལ་ཁབ་འཕེལ་རྒྱས་ཀྱི་སྤྱི་ཡོངས་ཁྲོད་དུ་བཞག་ནས་བསམ་གཞིག་དང་། རྒྱལ་ཡོངས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྣེ་ཁྲིད་དང་སྐུལ་ཁྲིད་བྱེད་པའི་ཁྲོད་བཞག་ནས་འཆར་འགོད། དཔལ་འབྱོར་གྱི་འཕར་སྣེ་དང་། འཕེལ་རྒྱས་ཀྱི་སྒུལ་ནུས། སྒྱུར་བཅོས་ཚོད་ལྟ་བཅས་ཀྱི་ནུས་པ་འདོན་སྤེལ་ཡག་པོ་བཅས་བྱས་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྔར་བས་འདེགས་སྐྱོར་དང་ཞབས་འདེགས་ཞུ་དགོས། དཔལ་འབྱོར་འཁོར་རྒྱུག་སྔར་བས་ཤར་བགྲོད་བྱས་ནས་ཐོན་ཁུངས་ཀྱི་རྒྱུ་རྐྱེན་གཙོ་བོ་ལུགས་མཐུན་ངང་འཁོར་རྒྱུག་དང་ཕན་ཆེའི་ངང་བཀོད་སྒྲིག་དང་། རྒྱལ་ཡོངས་གཅིག་གྱུར་གྱི་ཁྲོམ་ར་ཆེན་པོ་བསྐྲུན་པར་སྐུལ་འདེད་བཏང་ནས་ཐོན་ལས་དང་དཔལ་འབྱོར་གྱི་ལུགས་མཐུན་བཀོད་པར་ཁྲིད་སྟོན་བྱེད་དགོས་ཞེས་གསུངས་པ་རེད།