འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།ཧྥུ་ཅན་རྟགས་ཅན་དམག་གྲུའི་སྐོར་གྱི་གཏམ་བཟང་།

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 12ཚེས་01ཉིན། 14:30】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   ཟླ་11ཚེས་30ཉིན་གྱི་ཕྱི་དྲོར་རྒྱལ་སྲུང་པུས་གསར་འགོད་པའི་རྒྱུན་ལྡན་ཚོགས་འདུ་འཚོགས་པ་དང་། རྒྱལ་སྲུང་པུའུ་གསར་འགྱུར་ཅུས་ཀྱི་ཅུས་ཀྲང་རྒྱལ་སྲུང་པུའི་གསར་འགྱུར་མགྲིན་ཚབ་པ་ཏ་ཞའོ་དམག་དཔོན་ཝུའུ་ཆན་གྱིས་གསར་འགོད་པའི་དྲི་བར་ལན་བསྐྱོན་པ་རེད། 
གསར་འགོད་པས་གནས་འཕྲིན་སྤེལ་བར་གཞིགས་ན། ཀྲུང་གོའི་མ་གྲུ་ཨང་གསུམ་པ་ཧྥུ་ཅན་རྟགས་ཅན་གྱིས་དེའི་གློག་ཁབ་ལེན་གྱི་མདེལ་འཕེན་མ་ལག་ལ“ཞི་ཐེག”གི་འཕེན་གཏོང་ཚོད་ལྟ་བྱེད་འགོ་ཚུགས་པ་དང་། ཉེ་དུས་ཀྱི་ཚོད་གཏོང་ལ་གྲ་སྒྲིག་བྱེད་བཞིན་ཡོད་བཤད་འདུག མགྲིན་ཚབ་པར་གཏམ་བཟང་བཤད་རྒྱུ་ཡོད་དམ་ཞེས་དྲིས། 
   ཝུའུ་ཆན་གྱིས་རང་རྒྱལ་གྱི་མ་གྲུ་ཨང་གསུམ་པ་ཧྥུ་ཅན་རྟགས་ཅན་དམག་གྲུས་མིག་སྔར་མཚོ་ཁོངས་སུ་ཚོད་ལྟ་བྱེད་བཞིན་ཡོད་པ་དང་། རྗེས་མཐུད་དེ་འཆར་གཞི་ལྟར་འཛུགས་སྐྲུན་རྣམ་གྲངས་བརྟན་པོའི་ངང་སྐུལ་འདེད་གཏོང་རྒྱུ་རེད།