འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།ནམ་ཟླའི་འགྱུར་ལྡོག་ལ་ཁ་གཏད་གཅོག་རྒྱུ་དེ་ཁ་ཚ་དགོས་གཏུག་ཏུ་ཆགས་ཡོད། 

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 12ཚེས་01ཉིན། 14:30】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   2023ལོའི་ཟླ་8ཚེས་22ཉིན། མེ་ཟོན་པས་ཀེ་རི་སེའི་རྒྱལ་ས་ཨ་ཐེན་སིའི་ཉེ་འགྲམ་གྱི་གྲོང་ཚོ་ཞིག་ཏུ་མེ་གསོད་པ། 
ཉེ་བའི་ལོ་ཤས་རིང་། གོ་ལ་ཧྲིལ་པོའི་གནམ་གཤིས་དྲོད་ཚད་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་ཡང་ཡང་བཏོད་ཡོད་པ་དང་། ཐལ་དྲགས་པའི་གནམ་གཤིས་ཀྱི་དོན་རྐྱེན་ཉིན་བཞིན་ཐོན་གྱི་ཡོད། གནམ་གཤིས་ཉམས་ཉེན་གྱིས་འཛམ་གླིང་ས་ཆ་ཚང་མར་འཇིགས་སྐུལ་བཟོ་བཞིན་ཡོད། རྒྱལ་སྤྱིའི་སྒྲིག་གཞི་མང་པོས་གོ་ལ་ཧྲིལ་པོའི་བཙོག་འབུད་ཉུང་གཏོང་གི“སྐར་ཁུང་མགྱོགས་མྱུར་སྒོ་རྒྱག་བཞིན་ཡོད”པས། མིའི་རིགས་ཀྱིས་ཁ་ཚ་དགོས་གཏུག་སྒོས་གནམ་གཤིས་བྱ་སྤྱོད་སྤེལ་ནས་ཕྱིར་འབུད་བྱེད་ཚད་གང་མགྱོགས་ཉུང་དུ་བཏང་སྟེ། གནམ་གཤིས་འགྱུར་ལྡོག་ལས་བྱུང་བའི་གནོད་འཚེ་ཚབས་ཆེན་རབ་དང་རིམ་པ་མི་ཐོན་པ་བྱེད་དགོས་པ་ནན་བཤད་བྱས་ཡོད།