འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།ཟོག་འགྲེམས་དགོས་མཁོ་སླར་གསོ་ཡག་པོ་བྱུང་ནས་ལས་རིགས་ཀྱི་སྤུས་ཚད་མགྱོགས་མྱུར་མཐོ་རུ་ཕྱིན་པ།

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 11ཚེས་30ཉིན། 09:59】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   ཟླ་བ་དང་པོ་ནས་བཅུ་པའི་བར་སྤྱི་ཚོགས་ཀྱི་ཟོག་འགྲེམས་དངུལ་འབོར་དུས་མཚུངས་ལས་4.9%འཕར་བ།
    འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་11ཚེས་28ཉིན་གློག་འཕྲིན་འབྱོར་གསལ། ཟླ་11ཚེས་28ཉིན་གསར་འགོད་པར་ཀྲུང་གོ་ཟོག་འགྲེམས་དང་ཉོ་སྒྲུབ་མཉམ་འབྲེལ་ལྷན་ཚོགས་ནས་ཤེས་རྟོགས་བྱུང་བར། ཟླ་བ་དང་པོ་ནས་བཅུ་པའི་བར་རྒྱལ་ཡོངས་ཀྱི་སྤྱི་ཚོགས་ཀྱི་ཟོག་འགྲེམས་དངུལ་འབོར་སྒོར་དུང་ཕྱུར་ཁྲི་278.3ཟིན་པ་དེ་བསྡུར་གཞི་ཡོད་པའི་རིན་གོང་ལྟར་རྩིས་བརྒྱབ་ན་དུས་མཚུངས་ལས་4.9%འཕར་བ་དང་། འཕར་ཚད་ཟླ་བ་དང་པོ་ནས་དགུ་པའི་བར་ལས་བརྒྱ་ཆའི་གྲངས་0.1མཐོ་རུ་ཕྱིན་ཡོད། ཟླ་10པར་ཟླ་དེའི་དུས་མཚུངས་ལས་5.1%འཕར་བ་དང་། ཟླ་གོང་མའི་དུས་མཚུངས་ལས་བརྒྱ་ཆའི་གྲངས་0.3འཕར་ཡོད་པ་རེད།
    ཟླ་10པར་སྤྱི་ཚོགས་ཀྱི་ཟོག་འགྲེམས་དངུལ་འབོར་འཕར་ཚད་བརྟན་པོ་བྱུང་ནས་ལས་རིགས་ཐོན་སྐྱེད་དང་འཁོར་རྒྱུག་གི་རྣམ་པ་ཅུང་ཡག་པོ་བྱུང་ནས་ཟོག་འགྲེམས་དགོས་མཁོའི་གྲུབ་ཆ་ཅན་གྱི་རིམ་སྤོར་ལ་རྒྱུན་མཐུད་སྐུལ་འདེད་ཐེབས་ཡོད། ཟོག་འགྲེམས་བྱེད་སྒོ་སྤྱིའི་ཆ་ནས་དར་རྒྱས་ཆེ་ཁུལ་རྒྱུན་འཁྱོངས་ཐུབ་ནས་ཁྲོམ་རའི་སྔོན་དཔག་བརྟན་ཁྲོད་མཐོ་རུ་ཕྱིན་ཡོད་པ་རེད།
    བཟོ་ལས་ཟོག་འགྲེམས་སྤྱིའི་ཆ་ནས་བརྟན་པོ་བྱུང་ནས་གྲུབ་ཆ་སྔར་བས་བརྟན་དུ་ཕྱིན་ཡོད། ཟླ་དང་པོ་ནས་བཅུ་པའི་བར་བཟོ་ལས་ཐོན་རྫས་ཟོག་འགྲེམས་བསྡོམས་འབོར་བརྟན་པོ་འཕར་རྒྱུ་རྒྱུན་འཁྱོངས་ཐུབ་ནས་དུས་མཚུངས་ལས་4.1%འཕར་བ་དང་། འཕར་ཚད་ཟླ་དང་པོ་ནས་དགུ་པའི་བར་ལས་བརྒྱ་ཆའི་གྲངས་0.1འཕར་བ་དང་ཆབས་ཅིག་ཟླ་10པར་ཟླ་དེའི་དུས་མཚུངས་ལས་4.6%འཕར་ཡོད། ལས་རིགས་ཞིབ་ཕྲ་ཕྱེ་ནས་བལྟས་ན། ལས་རིགས་ཟོག་འགྲེམས་བཅུ་ཆ་བདུན་ལྷག་ཙམ་གྱི་ཟོག་འགྲེམས་བསྡོམས་འབོར་འཕར་ནས་འཕར་ཁྱོན་ཟླ་9པ་ལས་སྔར་བས་ཆེ་རུ་ཕྱིན་ཡོད་པ་རེད།
    སྲིད་ཇུས་ཀྱི་ནུས་ཕྱོད་རིམ་བཞིན་མངོན་ནས་ནང་འདྲེན་ཟོག་འགྲེམས་རྒྱུན་མཐུད་ལེགས་སུ་ཕྱིན་ཡོད། ཟླ་དང་པོ་ནས་བཅུ་པའི་བར། ནང་འདྲེན་ཟོག་འགྲེམས་བསྡོམས་འབོར་དུས་མཚུངས་ལས་13.5%འཕར་བ་དང་། ཟླ་10པར་ཟླ་དེའི་དུས་མཚུངས་ལས་12.3%འཕར་ནས་འཕར་ཚད་སྔར་བཞིན་ཅུང་མཐོ་པོ་རྒྱུན་འཁྱོངས་ཐུབ་ཡོད་པ་རེད།
    ལས་རྣམ་གསར་པ་དང་སྒུལ་ནུས་གསར་པའི་ཟོག་འགྲེམས་མཐུན་སྦྱོར་འཕེལ་རྒྱས་ཕྱིན་ནས་སྐུལ་ཁྲིད་ཀྱི་ནུས་པ་མངོན་གསལ་དོད་པོ་ཐོན་ཡོད། ཟླ་དང་པོ་ནས་བཅུ་པའི་བར། རྒྱལ་ཡོངས་ཀྱི་དངོས་ཟོག་ཚོང་ཟོག་དྲ་ཐོག་ཏུ་སིལ་ཚོང་བྱེད་ཚད་དུས་མཚུངས་ལས་8.4%འཕར་བ་དེས་སྤྱི་ཚོགས་ཀྱི་འཛད་རྫས་སིལ་ཚོང་བསྡོམས་འབོར་གྱི་བསྡུར་ཚད་བཟུང་ཚད་བརྒྱ་ཆའི་གྲངས་0.3འཕར་ཡོད། ལས་རྣམ་གསར་པའི་སྐུལ་ཁྲིད་འོག་འབྲེལ་ཡོད་རིག་ནུས་འཛད་རྫས་ཟོག་འགྲེམས་ཀྱི་དགོས་མཁོ་དུས་གཅིག་ཏུ་ཆེ་རུ་ཕྱིན་ནས་རིག་ནུས་འཁོར་ཐོག་སྒྲིག་ཆས་བཟོ་སྐྲུན་དང་རིག་ནུས་མི་མེད་འཕུར་སྐྱོད་ཡོ་ཆས་བཟོ་སྐྲུན་གྱི་ཟོག་འགྲེམས་དགོས་མཁོ་50%ལྷག་ཙམ་ཆེ་རུ་ཕྱིན་ཡོད་པ་རེད།