འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།བོད་ལྗོངས་ལྷ་ས་གྲོང་ཁྱེར་གྱིས། 《སྲིད་དོན་བགྲོ་གླེང》གི་ལེ་ཚན་ཡག་པོ་གཉེར་ནས་
མང་ཚོགས་ཀྱི་དོ་ཁུར་ལ་ལན་སློག་པ།

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 11ཚེས་30ཉིན། 09:56】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། བོད་ལྗོངས་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་ཚུན། བོད་ལྗོངས་ལྷ་ས་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གིས་བརྗོད་དོན་གཙོ་བོའི་སློབ་གསོའི་ཆེད་དོན་བཅོས་སྒྲིག་དམ་འཛིན་བྱེད་གཞིར་བརྩིས་ནས། དམངས་ལ་བྱ་བ་དངོས་སྒྲུབ་པའི་ལས་དོན་ལ་སྐུལ་འདེད་གཏོང་བ་དང་མང་ཚོགས་བློ་ཡིད་ཚིམ་མིན་རྩ་བའི་ཤན་འབྱེད་ཚད་གཞིར་བརྩི་བ་དང་། མི་དམངས་མང་ཚོགས་ཀྱིས་དོ་སྣང་ཆེ་ཤོས་བྱེད་པ་དང་། མང་ཚོགས་དང་ཐད་ཀར་འབྲེལ་བ་ཆེ་ཤོས་ཡོད་པ། མང་ཚོགས་ཀྱི་འཕྲལ་མཁོ་ཆེ་ཤོས་ཡིན་པ་བཅས་ཀྱི་གནད་དོན་ལ་དམ་འཛིན་ནན་པོ་བྱེད་པ། ཞན་ཆ་མི་གསང་བ་དང་རང་སྐྱོན་རང་བརྗོད་ཕོད་པ་བཅས་བྱས་ཏེ་གློག་རིན་སྤར་བའི་གནད་དོན་ཐག་གཅོད་བྱེད་རྒྱུ་བརྗོད་དོན་གཙོ་བོའི་སློབ་གསོའི་འཕྲལ་སྒྲུབ་འཕྲལ་བཅོས་གནད་དོན་གལ་ཆེན་ལ་བརྩིས་ནས་འབྲེལ་ཡོད་སྡེ་ཚན་སྒྲིག་འཛུགས་ཀྱིས་འགག་གནད་གསེད་བཀྲོལ་དང་ཐབས་ཇུས་ལ་ཞིབ་འཇུག་བྱས་ནས་གནད་དོན་ཐག་གཅོད་གང་མགྱོགས་ཐུབ་པར་སྐུལ་འདེད་བཏང་ཡོད།
   《སྲིད་དོན་བགྲོ་གླེང》ལེ་ཚན་ཐེངས་24པ་ནས་བཟུང་ལྷ་ས་གྲོང་ཁྱེར་གྱིས“མང་ཚོགས་ཀྱིས་དོ་ཁུར་ཆེན་པོ་བྱེད་པའི་གནད་དོན”ལ་དམིགས་ནས། སྲིད་དོན་བགྲོ་གླེང་བྱས་ཏེ་བརྗོད་དོན་གཙོ་བོའི་སློབ་གསོ་གཏིང་ཟབ་དང་ཏན་ཏིག་སྤེལ་རྒྱུར་རམ་འདེགས་བྱས་པ་རེད།
   ཤེས་རྟོགས་བྱུང་བར་གཞིགས་ན། 《སྲིད་དོན་བགྲོ་གླེང》གི་ལེ་ཚན་ཐེངས་24པར། བཟོ་ཚོང་ཁེ་ལས་དང་གྲོང་མི་ཁག་གཅིག་ལ་དུས་ཡུན་རིང་པོར་འཕྲད་པའི་གློག་རིན་སྤར་བའི་གནད་དོན་ས་གནས་ས་ཐོག་ཏུ་བཏོན་པ་དང་དང་ཆབས་ཅིག ལྷ་ས་གྲོང་ཁྱེར་འཕེལ་སྒྱུར་ཨུ་ལྷན་དང་། ལྷ་ས་གྲོང་ཁྱེར་སྡོད་ཁང་འཛུགས་སྐྲུན་ཅུས། ལྷ་ས་གྲོང་ཁྱེར་ཁྲོམ་ར་ལྟ་འདོམས་ཅུས། རྒྱལ་ཁབ་གློག་དྲ་ལྷ་ས་གློག་འདོན་ཀུང་སི་སོགས་འབྲེལ་ཡོད་འགན་ནུས་སྡེ་ཚན་དང་། དེ་བཞིན་ཁེ་ལས་ཀྱི་འགན་འཁུར་བ་ལེ་ཚན་ལ་གདན་དྲངས་ཏེ་སྲིད་དོན་བགྲོ་གླེང་བྱས་ནས་མང་ཚོགས་ཀྱིས་དོ་ཁུར་ཆེན་པོ་བྱེད་པའི་གནད་དོན་ལ་ལན་བསློགས་པ་དང་གནད་དོན་ཐག་གཅོད་བྱེད་པར་སྐུལ་འདེད་བཏང་བ་རེད།
   སྲིད་དོན་བགྲོ་གླེང་བྱེད་མཁན་ཚན་པའི་འགན་འཁུར་བས་ལེ་ཚན་པར་ལེན་སྒྲིག་བཟོ་བྱ་ཡུལ་དུ་ཞན་ཆ་སེལ་བ་དང་། མི་འདང་ས་འཚོལ་བ། བྱ་ཐབས་བཟོ་བ་བཅས་བྱས་ནས་འགན་ནུས་ཧུར་ཐག་སྒྲུབ་པ་དང་། སྡེ་ཚན་དབར་གྱི་མཉམ་སྒུལ་ལ་ཤུགས་སྣོན་རྒྱག་པ། ཐབས་མང་མཉམ་སྤྱོད་ཀྱིས་གློག་རིན་སྲིད་ཇུས་དོན་འཁྱོལ་ནན་པོ་བྱེད་པ། “ཁྱིམ་ཚང་རེར་གློག་གི་ཆུ་ཚོད་རེའི”སྒྱུར་བཀོད་འཕེལ་རིམ་མགྱོགས་སུ་གཏོང་བ། གནད་དོན་གཅིག་གི་སྟེང་ནས་འཕེལ་རྒྱས་ཀྱི་དགོས་མཁོ་དང་། སྒྱུར་བཅོས་ཀྱི་དགོས་མཁོ། གཞི་རིམ་གྱི་རེ་སྒུག དམངས་སེམས་ཕྱོགས་ས་བཅས་ཀྱི་གནད་དོན་རིགས་གཅིག་ཐག་གཅོད་བྱེད་པར་སྐུལ་འདེད་གཏོང་གི་ཡིན་ཞེས་བརྗོད་པ་རེད། ལྷ་ས་གྲོང་ཁྱེར་འཕེལ་སྒྱུར་ཨུ་ལྷན་གྱི་འབྲེལ་ཡོད་འགན་འཁུར་བས། སྔོན་དཔག་བྱས་ན། 2024ལོའི་ཟླ་དྲུག་པའི་ཟླ་མཇུག་གོང་གྲོང་ཁྱེར་གྱི་ད་ཡོད་དུད་ཚང་ཁྲི་1.13གྱི“ཁྱིམ་ཚང་རེར་གློག་གི་ཆུ་ཚོད་རེའི”སྒྱུར་བཀོད་ལས་དོན་ལེགས་སྒྲུབ་བྱས་ནས། མི་དམངས་མང་ཚོགས་ཀྱིས་བརྗོད་དོན་གཙོ་བོའི་སློབ་གསོའི་གྲུབ་འབྲས་དངོས་མྱོང་ཚོར་ཐུབ་པར་བྱེད་ཀྱི་ཡིན་ཞེས་བརྗོད་པ་རེད།
   ངོ་སྤྲོད་བྱས་པར་གཞིགས་ན། བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་ཚུན། 《སྲིད་དོན་བགྲོ་གླེང》གི་ལེ་ཚན་ཐེངས་གཉིས་གཏོང་སྤེལ་བྱས་པ་དང་། ཟླ་9ཚེས་25ཉིན་གཏོང་སྤེལ་བྱས་པའི་སྐྱེ་ཁམས་ཁོར་ཡུག་འཕྲོད་བསྟེན་གྱི་ཆེད་དོན་སྲིད་དོན་བགྲོ་གླེང་ལེ་ཚན་ལ་ཁྱོན་ཚན་པ་9དང་སྲིད་དོན་བགྲོ་གླེང་བྱས་པ་དང་། མིག་སྔར་གནད་དོན་དེ་དག་དག་ཐེར་ཐུབ་ཡོད་པ་རེད།