འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།ཚྭ་འདམ་གཤོང་སའི་ཐོ་སུའུ་མཚེའུ་རུ་དགུན་སྐྱེལ་དུས་བྱ་སླེབས་འདུག  

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 11ཚེས་28ཉིན། 14:21】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
༄༅།།ཚྭ་འདམ་གཤོང་སའི་ཐོ་སུའུ་མཚེའུ་རུ་དགུན་སྐྱེལ་དུས་བྱ་སླེབས་འདུག
     དགུན་འགོའི་དུས་སུ། ཚྭ་འདམ་གཤོང་སར་གནས་པའི་ཁུ་ལུ་ཁེ་མཚེའུ-ཐོ་སུའུ་མཚེའུ་ཡི་ཞིང་ཆེན་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དུ་དགུན་སྐྱེལ་དུས་བྱ་ཁག་དང་པོ་བསུས་པ་དང་། དུས་བྱ་དེ་དག་མཚོ་ངོས་སུ་རྩེད་འཇོར་རོལ་བའམ་ཡང་ན་ནམ་མཁའ་རུ་འཕུར་ལྡིང་བྱས་ཏེ། དགུན་དུས་ཀྱི་ཚྭ་འདམ་གཤོང་སར་ཁྱད་དུ་མཚར་བའི་མཛེས་ཉམས་ཤིག་བཏོད་ཡོད།
     ཉེ་བའི་ལོ་ཤས་རིང་། མཚོ་སྔོན་ཞིང་ཆེན་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ནགས་ལས་དང་རྩྭ་ཐང་ཅུས་ཀྱིས་ཁུ་ལུ་ཁེ་མཚེའུ-ཐོ་སུའུ་མཚེའུ་ཞིང་ཆེན་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་སྐྱེ་ཁམས་སྲུང་སྐྱོང་ལས་དོན་ལ་རྒྱུན་མཐུད་ངང་སྐུལ་འདེད་བཏང་ནས། འདམ་ར་སྲུང་སྐྱོང་དང་ཉམས་གསོའི་ལས་གྲྭར་ཤུགས་སྣོན་བརྒྱབ་པ་དང་། སྲུང་སྐྱོང་དང་དོ་དམ་བྱེད་ཤུགས་ཆེ་རུ་བཏང་བས་འདམ་རའི་སྐྱེ་ཁམས་ཁོར་ཡུག་མངོན་གསལ་དོད་པོས་ལེགས་སུ་ཕྱིན་ལ། སྐྱེ་དངོས་སྣ་མང་རང་བཞིན་མངོན་གསལ་དོད་པོས་མང་དུ་ཕྱིན་ཡོད། རང་བྱུང་སྲུང་སྐྱོང་ཁུལ་ཧྲིལ་པོར་རྩི་ཤིང་སྣ་ཁ་མང་བ་དང་སྐྱེ་ཁམས་མ་ལག་སྲུང་སྐྱོང་ཡག་པོ་བྱུང་ནས་གནས་སྤོ་བྱ་རིགས་མང་པོའི་སྐྱེ་འཕེལ་དང་འཚོ་སྡོད་བྱ་ཡུལ་ལེགས་པོ་ཞིག་ཏུ་གྱུར་ཡོད།
【1】  【2】  【3】
༄༅།།ཚྭ་འདམ་གཤོང་སའི་ཐོ་སུའུ་མཚེའུ་རུ་དགུན་སྐྱེལ་དུས་བྱ་སླེབས་འདུག