འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།ཀྲུང་གོའི་སྤྱི་དམངས་ལ་ལག་ཁྱེར་འདི་མི་དགོས།  

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 11ཚེས་28ཉིན། 14:19】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     ས་གནས་དེ་གའི་སྨྱན་སྦྱོར་ཐོག་གནས་འཕྲིན་སྤེལ་བར་གཞིགས་ན། ཟླ་11ཚེས་26ཉིན། མ་ལེ་ཞི་ཡའི་ཙུང་ལི་ཨན་ཝར་གྱིས་རྒྱལ་ཁབ་དེས་ཟླ་12ཚེས་1ཉིན་ནས་བཟུང་། ཀྲུང་གོ་སོགས་རྒྱལ་ཁབ་ནས་ཡོང་བའི་ཡུལ་སྐོར་བར་རྒྱལ་ཁོངས་སུ་འཛུལ་ནས་ཉིན་30ནང་ཚུན་དུ་འཐུས་མཆན་འགོད་མི་དགོས་པའི་བྱ་ཐབས་ལག་བསྟར་བྱ་རྒྱུ་ཡིན་ཞེས་བཤད་པ་རེད། བྱེད་ཐབས་དེ་ལག་བསྟར་བྱས་པ་ནས་བཟུང་། མ་ལེ་ཞི་ཡར་ཡུལ་སྐོར་དུ་འགྲོ་མཁན་ཀྲུང་གོ་དང་སོ་ཏི་ཨ་རབ། ཐུར་ཁེ་སོགས་རྒྱལ་ཁབ་ཀྱི་ཡུལ་སྐོར་བ་རྒྱལ་ཁོངས་སུ་འཛུལ་བའི་དུས་བཀག་ཉིན་30ལས་མི་བརྒལ་ན། རྒྱལ་ཁོངས་སུ་འཛུལ་བའི་འཐུས་མཆན་འགོད་མི་དགོས།