འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།ལྕགས་ལམ་འདི་ཤར་གཏོང་ཐུབ་འདུག

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 11ཚེས་27ཉིན། 14:01】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
༄༅།།ལྕགས་ལམ་འདི་ཤར་གཏོང་ཐུབ་འདུག
     ཟླ་11ཚེས་26ཉིན། ཤར་གཏོང་བྱས་པའི་མེ་འཁོར་ཐོག་མའི་ནང་འདུག་མཁན་འགྲུལ་པས་མེ་འཁོར་ཤར་གཏོང་ཐུབ་པར་རྟེན་འབྲེལ་ཞུས། ཉིན་དེ་ནི་འཛམ་གླིང་གི་རྒྱུན་མཐུད་ཐུབ་པའི་འགྲིམ་འགྲུལ་སྐྱེལ་འདྲེན་ཉིན་མོ་ཐོག་མ་ཡིན་པ་དང་། ཡུན་བོད་ལྕགས་ལམ་གྱི་གྲུབ་ཆ་གལ་ཆེན་ལི་ཅང་ནས་སེམས་ཀྱི་ཉི་ཟླའི་བར་གྱི་ལྕགས་ལམ་དངོས་སུ་ཤར་གཏོང་ཐུབ་ནས་ལས་གཉེར་བྱེད་འགོ་ཚུགས་པ་རེད། ལྕགས་ལམ་དེ་ལི་ཅང་འབབ་ཚུགས་ནས་སེམས་ཀྱི་ཉི་ཟླ་འབབ་ཚུགས་བར་སྦྲེལ་ཡོད་པ་དང་། ཤར་གཏོང་ལེགས་འགྲུབ་བྱུང་རྗེས་ས་གནས་གཉིས་བར་ཆེས་མགྱོགས་ན་ཆུ་ཚོད་1དང་སྐར་མ་18ནང་སླེབས་ཐུབ་པ་དང་། གངས་ལྗོངས་ས་མཐོའི་ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་ལ་དུས་དེ་ནས་བཟུང་ལྕགས་ལམ་ཤར་གཏོང་མི་ཐུབ་པའི་ལོ་རྒྱུས་མཇུག་བསྒྲིལ་བ་རེད།
【1】  【2】  【3】  【4】  【5】
༄༅།།ལྕགས་ལམ་འདི་ཤར་གཏོང་ཐུབ་འདུག