འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།རྒྱལ་ཁབ་འདི་6པོས་འཐུས་མཆན་འགོད་མི་དགོས། 

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 11ཚེས་27ཉིན། 14:01】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     ཟླ་11ཚེས་24ཉིན། ཕྱི་འབྲེལ་པུའི་མགྲིན་ཚབ་པ་མའོ་ཉིང་གིས། ཀྲུང་གོ་དང་ཕྱི་རྒྱལ་གྱི་མི་སྣ་འགྲོ་འོང་ལ་ཞབས་འདེགས་ཞུ་བའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་། ཆུ་ཚད་མཐོ་བའི་ཕྱི་ཕྱོགས་ལ་སྒོ་མོ་འབྱེད་རྒྱུར་སྟབས་བདེ་སྐྲུན་ཆེད། ཀྲུང་གོ་ཕྱོགས་ཀྱིས་ཕྱོགས་རྐྱང་པས་འཐུས་མཆན་འགོད་མི་དགོས་པའི་རྒྱལ་ཁབ་ཀྱི་ཁྱབ་ཁོངས་རྒྱ་ཆེར་གཏོང་བའི་ཚོད་ལྟ་བྱ་རྒྱུའི་ཐག་བཅད་པ་དང་། ཧྥ་རན་སི་དང་། འཇར་མན། དབྱི་ཐ་ལི། ཧོ་ལན། སི་ཕེན། མ་ལེ་ཞི་ཡ་བཅས་རྒྱལ་ཁབ་6གི་སྤྱིར་བཏང་གི་ལམ་ཡིག་འཁྱེར་མཁན་ལ་ཕྱོགས་རྐྱང་པས་འཐུས་མཆན་འགོད་མི་དགོས་པའི་སྲིད་ཇུས་ཚོད་ལྟ་བྱ་རྒྱུ། 2023ལོའི་ཟླ་12ཚེས་1ཉིན་ནས་2024ལོའི་ཟླ་11ཚེས་30ཉིན་བར། གོང་གསལ་རྒྱལ་ཁབ་ཀྱི་སྤྱིར་བཏང་གི་ལམ་ཡིག་འཁྱེར་མཁན་ཀྲུང་གོར་ཚོང་རྒྱག་པར་ཡོང་བ་དང་། ཡུལ་སྐོར་ལྟ་སྐོར། གཉེན་ཉེ་དང་གྲོགས་པོར་འཚམས་འདྲིར་ཡོང་བ། རྒྱལ་མཚམས་བརྒལ་དུས་ཉིན་15ལས་མི་བརྒལ་ན་འཐུས་མཆན་གྱི་འགྲོ་ལུགས་མ་བསྒྲུབ་པར་རྒྱལ་ཁོངས་སུ་འཛུལ་ཆོག