འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།ཨ་རིའི་དམག་གྲུ་མཚོ་ཁོངས་འདིར་འཛུལ་བའི་ཐད། 

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 11ཚེས་27ཉིན། 14:00】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     ཀྲུང་གོའི་མི་དམངས་བཅིངས་འགྲོལ་དམག་གི་ལྷོ་རྒྱུད་འཐབ་ཁུལ་གྱི་གསར་འགྱུར་མགྲིན་ཚབ་པ་མཁའ་དམག་ཏ་ཞའོ་ཐེན་ཅུན་ལི་ཡིས། ཟླ་11ཚེས་25ཉིན། ཨ་རིའི་“ཧུའོ་ཕོ་”རྟགས་ཅན་གྱི་འཕུར་མདའ་མཐར་སྐྲོད་གཏོང་བྱེད་དམག་གྲུ་ཀྲུང་གོའི་སྲིད་གཞུང་གི་ཆོག་མཆན་མ་ཐོབ་པར། ཁྲིམས་དང་འགལ་ཏེ་ཀྲུང་གོའི་ཞི་ཧྲ་མངའ་ཁོངས་རྒྱ་མཚོར་བཙན་འཛུལ་བྱས་པ་རེད་ཅེས་བཤད། ཀྲུང་གོའི་མི་དམངས་བཅིངས་འགྲོལ་དམག་གི་ལྷོ་རྒྱུད་འཐབ་ཁུལ་གྱིས་མཚོ་ཐོག་དང་མཁའ་ཐོག་གི་དམག་ཤུགས་སྒྲིག་འཛུགས་བྱས་ཏེ་བཅའ་ཁྲིམས་དང་སྒྲིག་སྲོལ་ལྟར་རྗེས་སྙེག་ལྟ་ཞིབ་དང་ཐ་ཚིག་བསྒྲགས་ནས་མཐར་སྐྲོད་བཏང་། ཨ་རིས་ཀྲུང་གོའི་བདག་དབང་དང་བདེ་འཇགས་ལ་བཙན་གནོད་ཚབས་ཆེན་བྱས་པ་དེ་ནི་“མཚོ་འགྲུལ་བཙན་དབང་” ཆེས་ཆེར་སྤེལ་བ་དང་། “ལྷོ་རྒྱ་མཚོ་དམག་དོན་ཅན་”དུ་བསྒྱུར་བའི་བདེན་དཔང་ཁུངས་བཙན་གཞན་ཞིག་ཡིན་པ་དང་། ཨ་རི་ནི་“ལྷོ་རྒྱ་མཚོའི་བདེ་འཇགས་ཉེན་ཁ་བཟོ་མཁན་”ཡིན་པ་དང་། ལྷོ་རྒྱ་མཚོའི་ཞི་བདེ་དང་བརྟན་ལྷིང་“གཏོར་བཤིག་གཏོང་མཁན་ཆེ་ཤོས་”ཡིན་པ་གསལ་བཤད་གང་ལེགས་བྱས་ཡོད། འཐབ་ཁུལ་གྱི་དཔུང་སྡེ་ཡིས་དུས་དང་རྣམ་པ་ཀུན་ཏུ་དོགས་ཟོན་ཧ་ཅང་ཆེན་པོར་བྱས་ཏེ། རྒྱལ་ཁབ་ཀྱི་བདག་དབང་བདེ་འཇགས་དང་ལྷོ་རྒྱ་མཚོའི་ཁུལ་གྱི་ཞི་བདེ་བརྟན་ལྷིང་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་ཀྱི་ཡོད།