༄༅།།དཀྲོག་གཏམ་འདི་ཐེར་འདོན་བྱས་འདུག
གསར་འགྱུར་སྤེལ་དུས། 【2023ལོའི་ཟླ་ 11ཚེས་27ཉིན། 14:00】 (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)
ཉེ་ཆར། ཀྲུང་གོའི་ནད་རིགས་སྔོན་འགོག་ཚོད་འཛིན་ལྟེ་གནས(གཤམ་དུ་ལྟེ་གནས་ཞེས་བསྡུ་རྒྱུ)ཀྱིས། སྤྱི་ཚོགས་ཐོག་ལྟེ་གནས་ཀྱི་གཞུང་ཐམ་བརྒྱབ་པའི《གཅིན་པ་མངར་འགྱུར་ནད་ཀྱི་རིམས་འགོག་སྨན་ཁབ་རིགས་གཅིག་ཁྲོམ་རར་འདོན་གྲབས་ཡོད་པ་དང་དེ་བཞིན་དོ་དམ་བྱེད་ཐབས་དཔར་འགྲེམ་བྱ་རྒྱུའི་སྐོར་གྱི་ཀྲུང་གོའི་ནད་རིགས་སྔོན་འགོག་ཚོད་འཛིན་ལྟེ་གནས་ཀྱི་བརྡ་ཐོ》 (ཀྲུང་གོའི་ནད་རིགས་སྔོན་འགོག་ཚོད་འཛིན་གྱིས་སྤེལ་བའི〔2023〕ཨང་42པ) བརྒྱུད་སྤེལ་བྱེད་བཞིན་པ་ཤེས་རྟོགས་བྱུང་།
ལྟེ་གནས་ཀྱིས་གོང་གསལ་གྱི་གནས་ཚུལ་ལ་མཐོང་ཆེན་ཧ་ཅང་བྱས་ནས་དུས་ཐོག་ཏུ་ཞིབ་བཤེར་བྱས་པ་རེད། ཞིབ་དཔྱད་བྱས་པ་བརྒྱུད། ལྟེ་གནས་ཀྱིས《གཅིན་པ་མངར་འགྱུར་ནད་ཀྱི་རིམས་འགོག་སྨན་ཁབ་རིགས་གཅིག་ཁྲོམ་རར་འདོན་ཉེར་ཡོད་པ་དང་དེ་བཞིན་དོ་དམ་བྱེད་ཐབས》ཀྱི་འབྲེལ་ཡོད་ཡིག་ཆ་དཔར་འགྲེམ་བྱས་མྱོང་མེད།
གོང་གསལ་གྱི་གནས་ཚུལ་ལ་གཞིགས་ནས་གསལ་བསྒྲགས་ནན་པོ་བྱ་རྒྱུ་གཤམ་གསལ།
གཞུང་ཐམ་རྫུན་བཟོ་དང་སྒྱུར་བཟོ་བྱས་པའི་བྱ་སྤྱོད་དེ་ཉེས་དོན་ཉེས་གསོག་གི་དོགས་པ་ཡོད་པ་དང་། ལྟེ་གནས་ཀྱི་མིང་ཐོག་ནས་བརྡ་ཐོ་རྫུན་མ་སྤེལ་བའི་བྱ་སྤྱོད་ཀྱིས་ལྟེ་གནས་ཀྱི་ཁྲིམས་མཐུན་ཁེ་དབང་ལ་གནོད་འཚེ་ཚབས་ཆེན་བཏང་བ་དང་། ལྟེ་གནས་ཀྱིས་ཁྲིམས་ལྟར་དབང་གནོད་འགན་འཁྲིའི་བྱེད་པོའི་ཁྲིམས་འབྲེལ་འགན་འཁྲི་བདའ་འདེད་གཏོང་བའི་དབང་ཆ་སོར་འཇོག་བྱས་ཡོད།
དེའི་དོན་ཆེད་དུ་གསལ་བསྒྲགས་སྤེལ།
ཀྲུང་གོའི་ནད་རིགས་སྔོན་འགོག་ཚོད་འཛིན་ལྟེ་གནས་ཀྱིས།
2023ལོའི་ཟླ་11ཚེས་24ཉིན་ཕབ།
