འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།ས་ཆ་འདི་དག་ལ་ཁ་བ་ཆེན་པོ་འབབ་རྒྱུ་རེད། 

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 11ཚེས་27ཉིན། 13:58】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     ཀྲུང་དབྱང་གནམ་གཤིས་ལས་ཁུངས་ཀྱིས་སྔོན་དཔག་བྱས་པ་ལྟར་ན། ཚེས་27ཉིན། ནང་སོག་གི་ཤར་ལྷོའི་རྒྱུད་དང་། བྱང་ཤར་ས་ཁུལ་མང་ཆེ་བ། བོད་ལྗོངས་ཀྱི་ལྷོ་ནུབ་རྒྱུད་དང་དེ་བཞིན་ཁུ་ནུ་རི་རྒྱུད་ས་ཁུལ། ཧྲན་ཏུང་ཕྱེད་གླིང་སོགས་ས་ཁུལ་ཁ་ཤས་སུ་གངས་ཆུང་བ་ནས་འབྲིང་བ་བར་རམ་ཁ་ཆར་འདྲེས་མ་འབབ་རྒྱུ་དང་། དེའི་ནང་ཅི་ལིན་ཁྲང་པའེ་རི་ཁུལ་དང་བོད་ལྗོངས་ལྷོ་ནུབ་རྒྱུད་ཀྱི་ས་ཁུལ་ཁ་ཤས་སུ་ཁ་བ་ཆེན་པོ་ (ཧའོ་སྨི་5ནས་8བར་) འབབ་རྒྱུ་རེད།
     ཚེས་28ཉིན། ནང་སོག་གི་ཤར་རྒྱུད་དང་། ཧེ་ལུང་ཅང་གི་ནུབ་བྱང་རྒྱུད། ཅི་ལིན་གྱི་ཤར་རྒྱུད། ཧོ་པེ་ཡི་ནུབ་བྱང་རྒྱུད། མཚོ་སྔོན་གྱི་དབུས་ལྷོ་རྒྱུད། ཀན་སུའུ་ཡི་ཤར་ལྷོའི་རྒྱུད། ཧྲན་ཏུང་ཕྱེད་གླིང་སོགས་ས་ཁུལ་ཁ་ཤས་སུ་གངས་ཆུང་བའམ་ཁ་ཆར་འདྲེས་མ་འབབ་རྒྱུ་དང་། ས་ཁུལ་ཁ་ཤས་སུ་གངས་འབྲིང་བ་འབབ་རྒྱུ་རེད། ཧྲའན་ཞིའི་ལྷོ་རྒྱུད་དང་། སི་ཁྲོན་གཤོང་ས། ཧའེ་ནན་གླིང་ཕྲན་སོགས་ས་ཁུལ་ཁ་ཤས་སུ་ཆར་པ་ཆུང་བ་འབབ་རྒྱུ་དང་། ས་ཁུལ་ཁ་ཤས་སུ་ཆར་འབྲིང་འབབ་རྒྱུ་རེད། 
     གནམ་གཤིས་སྡེ་ཁག་གིས། བྱང་ཤར་ས་ཁུལ་དུ་ཉེ་དུས་ཁ་བ་འབབ་མང་བ་དང་། དེ་རིང་དང་སང་ཉིན་ས་གནས་དེ་གར་སྔར་བཞིན་ཁ་བ་འབབ་རྒྱུ་ཡིན་པ་དང་། དུས་མཚུངས་བོད་ལྗོངས་ཀྱི་ནུབ་རྒྱུད་ས་ཁུལ་དུའང་ཉིན་གཉིས་བསྟུད་མར་ཁ་བ་འབབ་སྲིད་པས། ས་གནས་དེ་གའི་འབྲེལ་ཡོད་སྡེ་ཁག་གིས་ཉེ་དུས་ཀྱི་སྔོན་ཚུད་ནས་ཉེན་བརྡའི་ཆ་འཕྲིན་ལ་དོ་སྣང་ཆེན་པོ་བྱས་ཏེ། ཞིང་ལས་དང་འབྲོག་ལས་ཀྱི་འགན་སྲུང་ལས་དོན་ཡག་པོར་སྒྲུབ་དགོས་པ་དང་། ཁ་བ་འབབ་པའི་ཉིན་མོར་ཕྱིར་སྐྱོད་སྐབས་འགྲིམ་འགྲུལ་བདེ་འཇགས་ལ་དོ་སྣང་བྱེད་དགོས་པའི་དྲན་སྐུལ་བྱས་པ་རེད།