འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།ཕྱོགས་མི་ཏང་ཡོན་གྱི“དྲ་ཐོག་སློབ་ཁང་ཆུང་གྲས”

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 11ཚེས་27ཉིན། 13:38】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
༄༅།།ཕྱོགས་མི་ཏང་ཡོན་གྱི“དྲ་ཐོག་སློབ་ཁང་ཆུང་གྲས”
     2023ལོའི་ཟླ་11ཚེས་25ཉིན། ཅང་སུའུ་ཞིང་ཆེན་སུའུ་ཆན་གྲོང་ཁྱེར་སི་ཧུང་རྫོང་ཅིན་སུའོ་གྲོང་རྡལ་བཟོ་ལས་གླིང་གི་ཁེ་ལས་ཤིག་ཏུ་གྲོང་རྡལ་གྱི་ཏང་ཡོན་དང་བླངས་པ་འཁོར་ཁང་དུ་བསྐྱོད་དེ་ཕྱོགས་མི་ཏང་ཡོན་བརྗོད་དོན་གཙོ་བོའི་སློབ་གསོའི་སློབ་སྦྱོང་ལ་ཞུགས་པར་མཛུབ་ཁྲིད་བྱས་ནས་ས་གནས་ས་ཐོག་ཏུ་ཕྱོགས་མི་ཏང་ཡོན་ལ“དྲ་ཐོག་ཁྱིམ་ཚང་ཆུང་གྲས”སོགས་ཀྱི་སྐད་འཕྲིན་གྱི་བྱ་རིམ་ཆུང་གྲས་འབེབས་པར་མཛུབ་ཁྲིད་བྱས་ཡོད། ཕྱོགས་མི་ཏང་ཡོན་གྱིས་ལས་ཀའི་ཞོར་དུ་ཏང་གི་མཛད་ཕྱོགས་དང་སྲིད་ཇུས་དུས་ཐོག་ཏུ་སློབ་སྦྱོང་དང་། དྲ་ཐོག་ཀྲི་པུའི་བྱེད་སྒོར་ཞུགས་པར་སྟབས་བདེ་སོགས་བསྐྲུན་ཡོད་པ་རེད།
     སི་ཧུང་རྫོང་རྩ་འཛུགས་སྡེ་ཚན་གྱིས་ཁེ་ལས་ཀྱི་ཕྱོགས་མི་ཏང་ཡོན་ལ་དོ་དམ་བྱེད་སྟངས་གསར་གཏོད་བྱས་ནས“གསུམ་སྐྱོད་གསུམ་འདྲི”སོགས་བརྒྱུད“དྲ་ཐོག་ཁྱིམ་ཚང་ཆུང་གྲས”སོགས་ཀྱི་སྐད་འཕྲིན་བྱ་རིམ་ཆུང་གྲས་ཞིབ་འཇུག་གསར་སྤེལ་བྱས་ཏེ་ཕྱོགས་མི་ཏང་ཡོན་ཁ་པར་ནས་རྩ་འཛུགས་འཚོ་བར་ཞུགས་པར་སྟབས་བདེ་བསྐྲུན་ནས་རྩ་འཛུགས་ཀྱི་གནས་ཚུལ་དང་ཆ་འཕྲིན་སོགས་ཤེས་རྟོགས་བྱས་པ་རེད།