འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།རང་རྒྱལ་གྱི་ས་ཁུལ་རིམ་པ་ལས་བརྒལ་བའི་གྲོང་ཁྱེར་གྱི་ཉིང་ནུས་དྲོད་འདོན་ལས་གྲྭ་དང་པོ་སྤྱོད་འགོ་ཚུགས་པ།

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 11ཚེས་27ཉིན། 13:30】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་11ཚེས་25ཉིན་གློག་འཕྲིན་འབྱོར་གསལ། གསར་འགོད་པར་རྒྱལ་ཁབ་གློག་ཤུགས་མ་དངུལ་ཚོགས་པ་ཚད་ཡོད་ཀུང་སི་ནས་ཤེས་རྟོགས་བྱུང་བར། ཚེས་25ཉིན། རང་རྒྱལ་གྱི་ས་ཁུལ་རིམ་པ་ལས་བརྒལ་བའི་གྲོང་ཁྱེར་གྱི་ཉིང་རྡུལ་ནུས་པའི་དྲོད་འདོན་ལས་གྲྭ་དང་པོ་སྟེ་རྒྱལ་ཁབ་གློག་ཤུགས་མ་དངུལ་ཚོགས་པ་ཚད་ཡོད་ཀུང་སིའི“དྲོད་རླངས་ཉིང་རྡུལ་ཨང་དང་པོའི”ཉིང་རྡུལ་ནུས་པའི་དྲོད་འདོན་རྣམ་གྲངས་དུས་ཐེངས་གསུམ་པ་ཧྲན་ཏུང་དུ་སྤྱོད་འགོ་ཚུགས་ཤིང་། གཡན་ཐའེ་ཧའེ་དབྱང་གྲོང་ཁྱེར་དུ་དྲོད་རླངས་མཁོ་འདོན་དང་ཆབས་ཅིག་དྲོད་གཏོང་ཁོངས་ཝེ་ཧའེ་རུའུ་ཧྲན་གྲོང་ཁྱེར་དུ་ཁྱབ་ནས་ཐཱན་མེད་དྲོད་ཁུངས་ཀྱི་ཁུལ་ཁོངས་བརྒལ་ཏེ་མཉམ་མཐུད་མཉམ་སྤྱོད་མངོན་འགྱུར་བྱུང་ཡོད་པ་དང་། ལས་གྲྭ་དེ་རུའུ་ཧྲན་གྲོང་ཁུལ་གཙོ་བོའི་སྨི་ངོས་གྲུ་ཁྲི་630ཟིན་པ་དང་སྔོན་དཔག་བྱས་ན་མ་བཅོས་རྡོ་སོལ་ཟད་གྲོན་ཏུན་ཁྲི་23གྱི་ཚབ་བྱེད་ཐུབ་པ་དང་དབྱང་གཉིས་ཐཱན་འགྱུར་ཕྱིར་འབུད་ཉུང་དུ་གཏོང་ཚད་ཏུན་ཁྲི་42ཟིན་གྱི་ཡོད།
     (དབང་སྒྲོན་སྐྱིད་ཀྱིས་བསྒྱུར། བསོད་བདེས་ཞུས)