འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།སྡེ་ཚན་མང་པོས་མཉམ་དུ་ཤུགས་བརྒྱབ་ནས་ལས་ཞུགས་བརྟན་པོ་དང་དམངས་འཚོ་འགན་ལེན་བྱེད་པ།

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 11ཚེས་27ཉིན། 13:29】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། ཝང་ཡུས་ཧའོ། ཅང་ལིན།
     ལས་ཞུགས་ནི་ཁྱིམ་ཚང་ཁྲི་སྟོང་མང་པོ་དང་འབྲེལ་བ་ཡོད་པས་དེ་ནི་དམངས་འཚོ་ཆེ་ཤོས་རེད། འདི་ལོ་ཚུན། སྡེ་ཚན་མང་པོས་མཉམ་དུ་ཤུགས་བརྒྱབ་ནས་ཐབས་མང་མཉམ་དུ་སྤྱད་དེ་རྒྱུན་མཐུད་ལས་ཞུགས་བརྟན་དུ་བཏང་ནས་ལས་ཞུགས་ཀྱི་དུས་བབ་སྤྱིའི་ཆ་ནས་བརྟན་པོ་ཡོང་བའི་འགན་ལེན་བྱས་པ་རེད།
     མི་སྤྱི་འགན་སྲུང་པུའི་གྲངས་གཞི་གསར་ཤོས་ལས་མངོན་པར། འདི་ལོའི་ཟླ་དང་པོ་ནས་བཅུ་པའི་བར། རྒྱལ་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་རྡལ་དུ་མི་ཁྲི་1109ལས་ཞུགས་གསར་པ་ཐུབ་ཡོད། མཐོ་སློབ་སློབ་ཐོན་སློབ་མ་སོགས་གཞོན་ནུ་ལས་ཞུགས་ཀྱི་དུས་བབ་སྤྱིའི་ཆ་ནས་བརྟན་པོ་ཡོད་པ་དང་། གྲོང་གསེབ་ཀྱི་ངལ་རྩོལ་ནུས་ཤུགས་ཕྱིར་ལས་ཀ་བྱེད་པར་སྐྱོད་པའི་གཞི་ཁྱོན་མུ་མཐུད་ཆེ་རུ་ཕྱིན་ནས་དབུལ་གྲོལ་མི་འབོར་ངལ་ནུས་ལས་ཀ་བྱེད་པའི་གཞི་ཁྱོན་མི་ཁྲི་3298ཟིན་ཡོད།
     “ང་ཚོས་ལས་ཞུགས་ལ་སྔོན་ལ་ཤུགས་སྣོན་རྒྱག་པ་ཕྱོགས་སྟོན་དུ་འཛིན་པ་དང་། མཁོ་སྤྲོད་དོ་སྙོམས་ལ་སྐུལ་འདེད་གཏོང་བ་འགག་རྩར་རྩི་བ། གཞི་རིམ་ལ་ཞབས་འདེགས་ཞུ་བ་རྨང་གཞིར་རྩི་བ། གྲངས་གཞིའི་ནུས་སྤྲོད་ལ་སྐུལ་འདེད་གཏོང་བ་འདེགས་སྐྱོར་དུ་བྱེད་པ། ལྟ་ཞིབ་ཉེན་ཟོན་སྔོན་བརྡར་ཤུགས་སྣོན་རྒྱག་པ་མཐའ་ཚད་ལ་རྩི་བ་བཅས་བྱས་ནས་སྡེ་ཚན་མཉམ་སྒྲུབ་དང་། མ་ལག་མཉམ་སྒུལ། ཞབས་འདེགས་གནད་སྨིན། དོ་དམ་ཚན་རིག་དང་མཐུན་པ་བཅས་ཀྱི་སྤུས་ཚད་མཐོ་བའི་ལས་ཞུགས་ལས་དོན་གྱི་མ་ལག་མགྱོགས་མྱུར་བསྐྲུན་ཏེ་ལས་ཞུགས་ཀྱི་དུས་བབ་རྒྱུན་མཐུད་ལེགས་སུ་འགྲོ་བར་སྐུལ་འདེད་ཧུར་ཐག་བཏང་ཡོད”ཅེས་མི་སྤྱི་འགན་སྲུང་པུའི་འབྲེལ་ཡོད་འགན་འཁུར་བས་བརྗོད།
     མཐོ་སློབ་སློབ་ཐོན་སློབ་མ་ནི་ལས་ཞུགས་ལས་དོན་གྱི་གལ་ཆེའི་ནང་གི་འགངས་ཆེ་ཞིག་རེད། གུང་གཞོན་སྡེ་ཚོགས་ཀྲུང་དབྱང་གི་འབྲེལ་ཡོད་འགན་འཁུར་བས“ང་ཚོས་སློབ་གྲྭ་ཆེ་མོ་བའི་ལས་ཞུགས་སྣེ་ཁྲིད་འཆར་གཞི་ལག་བསྟར་བྱེད་པ་དང་དུས་མཚུངས། སློབ་གྲྭ་ཆེ་མོ་བའི་དངོས་སྦྱོང་གི‘གྲུ་གཡོར་འཕྱར་བའི་འཆར་གཞི’ལག་བསྟར་གཏིང་ཟབ་བྱས་ནས་སློབ་གྲྭ་ཆེ་མོ་བར་རང་ངོས་ཀྱི་ངེས་གནས་བཙལ་ཏེ་ལུགས་མཐུན་གྱི་སྔོན་དཔག་དང་ལས་རིགས་ཀྱི་འཆར་འགོད་ཡག་པོ་བཟོས་ཏེ་ལས་ཞུགས་བརྟན་པོ་མངོན་འགྱུར་ཡོང་བར་ཁྲིད་སྟོན་བྱེད་ཀྱི་ཡོད”ཅེས་བརྗོད།
     སློབ་ཐོན་སློབ་མ་ཁག་གཅིག་གི་ལས་ཞུགས་དཀའ་བའི་གནད་དོན་ལ་དམིགས་ཏེ། གུང་གཞོན་སྡེ་ཚོགས་ཀྲུང་དབྱང་གིས་སློབ་གླིང་དཀྱུས་མ་དང་ཁྱིམ་ཚང་གི་ཡོང་འབབ་དམའ་བའི་སློབ་མ་དམིགས་སར་བྱས་ནས་རྒྱལ་ཡོངས་ཀྱི་མཐོ་སློབ་ཀྱི་སྡེ་ཚོགས་ལས་བྱེད་པ་དང་ཆུས་དང་རྫོང་གི་སྡེ་ཚོགས་ལས་བྱེད་པ་ཁྲི་3.7སྒྲིག་འཛུགས་བྱས་ཏེ་ཁོ་ཚོ་དང་ཆ་སྒྲིག་རོགས་སྐྱོར་བྱས་ཡོད། འདི་ལོ་ཚུན། གུང་གཞོན་སྡེ་ཚོགས་ཀྱིས་སློབ་ཐོན་སློབ་མ་ཁྲི་10.6ལས་ཞུགས་ཐུབ་པར་རོགས་རམ་བྱས་པ་ལས། 2023ལོའི་སློབ་ཐོན་སློབ་མ་ཁྲི་8.98དང་། 2022ལོའི་ལས་ཞུགས་ཐུབ་མེད་པའི་སློབ་ཐོན་སློབ་མ་ཁྲི་1.62ཡོད།
     ཞིང་པ་ལས་མི་ཡང་གཙོ་གནད་ལས་ཞུགས་ཀྱི་ཚོགས་སྤྱི་ཞིག་རེད། ཆུ་བེད་སྡེ་ཚན་གྱིས་ཆུ་བེད་ལས་གྲྭ་མགྱོགས་མྱུར་སྐྲུན་པ་དང་ཞིང་པ་ལས་མི་ལས་ཞུགས་ཧུར་ཐག་ཐུབ་པར་བྱས་ནས་དཀའ་ངལ་ཡོད་པའི་མང་ཚོགས་ལས་ཞུགས་ཐུབ་པའི་འགན་སྲུང་བྱས་ཡོད། འདི་ལོའི་དུས་ཚིགས་དང་པོ་ནས་གསུམ་པའི་བར། རྒྱལ་ཡོངས་ཆུ་བེད་རྣམ་གྲངས་ཀྱིས་ལས་མི་ཁྲི་221ལས་ཞུགས་ཐུབ་པར་བྱས་པ་དུས་མཚུངས་ལས་5.7%འཕར་བ་དང་། གླ་ཆ་སྤྲོད་ཚད་སྒོར་དུང་ཕྱུར་410ཡན་ཟིན་པ་དུས་མཚུངས་ལས་37.1%འཕར་ཡོད།
     “དེའི་ནང་གི་མང་ཆེ་བ་ནི་གྲོང་གསེབ་ཀྱི་ངལ་རྩོལ་ནུས་ཤུགས་རེད”ཅེས་ཆུ་བེད་པུའི་འབྲེལ་ཡོད་འགན་འཁུར་བས་བརྗོད་པ་དང་། ཁོང་གིས། གཞི་ཁྱོན་ཆེ་བའི་ཆུ་བེད་འཛུགས་སྐྲུན་ལ་ལས་ཞུགས་ལས་གནས་མང་པོ་མཁོ་འདོན་དང་ལས་ཞུགས་བསྡུ་ལེན་ནུས་པ་ཆེ་བའི་ལེགས་ཆ་ལྡན་ཡོད། གོམ་སྟབས་རྗེས་མར། ཆུ་བེད་པུས་ལས་འགོ་འཛུགས་པ་དང་མྱུར་ཚད་ལ་མུ་མཐུད་དམ་འཛིན་བྱས་ནས་ཞིང་པ་ལས་མི་ལས་ཞུགས་ཐུབ་པར་བྱེད་པ་དང་། གུད་གསབ་ལས་སྤྲོད་སྔར་བས་ཁྱབ་གདལ་བཏང་ནས་གྲོང་གསེབ་ཀྱི་ངལ་ནུས་དེ་བས་མང་བ་ཐག་ཉེ་ས་དང་རང་སར་འབབ་འཕར་ཡོང་བར་སྐུལ་འདེད་གཏོང་བ། དེ་དང་དུས་མཚུངས་གྲོང་ཚོ་རིམ་པའི་ཆུ་དཔོན་དང་མཚོ་དཔོན་དང་ཆུ་མཛོད་ཆུང་གྲས་ཀྱི་བདག་སྐྱོང་བ་སོགས་ཀྱི་སྤྱི་ཕན་རང་བཞིན་གྱི་ལས་གནས་ལུགས་མཐུན་བཏོད་ནས་དཀའ་ངལ་ཡོད་པའི་མང་ཚོགས་ལ་ལས་ཞུགས་བཀོད་སྒྲིག་བཅས་བྱེད་ཀྱི་ཡིན་ཞེས་བརྗོད།
     ཁེར་རྐྱང་བཟོ་ཚོང་དུད་ཚང་ནི་ལས་ཞུགས་བརྟན་པོ་དང་། འཕར་སྣོན་ལ་སྐུལ་འདེད། དམངས་འཚོར་ཕན་པ་བཅས་ཀྱི་སྟོབས་ཤུགས་གལ་ཆེན་ཞིག་རེད། འདི་ལོའི་ཟླ་7པར། ཁྲོམ་ར་ལྟ་འདོམས་སྤྱི་ཁྱབ་ཅུས་སོགས་སྡེ་ཚན་14ཡིས“རྒྱལ་ཡོངས་ཀྱི་ཁེར་རྐྱང་བཟོ་ཚོང་དུད་ཚང་གི་ཞབས་འདེགས་ཟླ་བའི”བྱེད་སྒོ་མཉམ་དུ་སྤེལ་ནས་ས་ཁུལ་ཁག་གི་འབྲེལ་ཡོད་སྡེ་ཚན་སྒྲིག་འཛུགས་བྱས་ཏེ་ཁེར་རྐྱང་བཟོ་ཚོང་དུད་ཚང་ལ་ལས་མི་བསྡུ་བ་དང་སྤྱོད་པ་དང་། རྩལ་ནུས་གསོ་སྦྱོང་། སྲིད་ཇུས་བློ་འདྲི། དངུལ་བུན་དང་མ་དངུལ་བསྡུ་སྒྲིལ་སོགས་ཀྱི་ཞབས་འདེགས་སྣ་ཚོགས་ཞུས་ཡོད།
     ཁྲོམ་ར་ལྟ་འདོམས་སྤྱི་ཁྱབ་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་དོན། “རྒྱལ་ཡོངས་ཀྱི་ཁེར་རྐྱང་བཟོ་ཚོང་དུད་ཚང་གི་ཞབས་འདེགས་ཟླ་བའི”བྱེད་སྒོ་སྤེལ་རིང་མི་ཐེངས་ཁྲི་110ཡན་ལ་རིགས་ཁག་གི་ལས་རིགས་རྩལ་ནུས་གསོ་སྦྱོང་བྱས་ནས་ཁེར་རྐྱང་བཟོ་ཚོང་དུད་ཚང་གི་ལས་གནས་བརྟན་པོ་དང་རྒྱ་ཆེར་གཏོང་ནུས་ཆེ་རུ་བཏང་སྟེ་ལས་ཞུགས་སྣེ་ཁྲིད་ཀྱི་ནུས་པ་བཏོན་ཡོད།
     (བསོད་ནམས་དཔའ་མོས་བསྒྱུར། པ་ཚེས་ཞུས)