འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།ཞི་ཅིན་ཕིང་གིས་འཛམ་གླིང་ཀྲུང་གོ་རིག་པའི་ཚོགས་ཆེན། ཧྲང་ཧའེ་གླེང་སྟེགས་ལ་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་པ།

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 11ཚེས་26ཉིན། 11:11】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་11ཚེས་24ཉིན་གློག་འཕྲིན་འབྱོར་གསལ། ཟླ་11ཚེས་24ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་འཛམ་གླིང་ཀྲུང་གོ་རིག་པའི་ཚོགས་ཆེན། ཧྲང་ཧའེ་གླེང་སྟེགས་ལ་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་པ་རེད།
     ཞི་ཅིན་ཕིང་གིས་བསྟན་གནང་དོན། ཀྲུང་གོ་རིག་པ་ནི་ལོ་རྒྱུས་ཀྱི་ཀྲུང་གོ་རིག་པ་ཡིན་ལ། དེང་རབས་ཀྱི་ཀྲུང་གོ་རིག་པ་ཡང་རེད། ཀྲུང་ཧྭའི་ཤེས་དཔལ་ལ་ལོ་རྒྱུས་ཡུན་རིང་ལྡན་ཞིང་། འཛམ་གླིང་གི་ཤེས་དཔལ་གཞན་དག་དབར་སྤེལ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་རེས་བྱེད་རིང་ཕུན་སུམ་ཚོགས་སུ་དང་འཕེལ་རྒྱས་ཕྱིན་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་རྨང་གཞི་གཏིང་ཟབ་བཏིང་ཡོད། ལོ་རྒྱུས་ཀྱི་འབྱུང་རྩར་ཁུངས་འདེད་ཚེ་གཞི་ནས་དངོས་ཡོད་ཀྱི་འཛམ་གླིང་ཤེས་རྟོགས་ཐུབ་པ་དང་། རིག་གནས་ཀྱི་གཞི་རྩར་གཞིགས་ཚེ་གཞི་ནས་དེང་སྐབས་ཀྱི་ཀྲུང་གོ་ཤེས་རྟོགས་བྱེད་ཐུབ། དེ་བཞིན། ཤེས་དཔལ་ཕན་ཚུན་དཔྱད་གཞིར་འཛིན་ཚེ་གཞི་ནས་ཐུན་མོང་ཡར་རྒྱས་ཡོང་ཐུབ། རྒྱལ་ཁབ་ཁག་གི་རིགས་གཅིག་མཁས་ཅན་དང་མཁས་དབང་ཚོས་ཀྲུང་གོ་དང་ཕྱི་རྒྱལ་གྱི་ཤེས་དཔལ་སྤེལ་རེས་ཀྱི་ཕོ་ཉ་བྱས་ཏེ། མ་ལུས་མཉམ་གསོག་དང་སྒོ་དབྱེ་བསྟུན་མཁས་མཐའ་འཁྱོངས་ཀྱིས་འཛམ་གླིང་གི་ཀྲུང་གོ་རིག་པའི་ཞིབ་འཇུག་ལ་རྒྱུན་ཆད་མེད་པར་སྐུལ་འདེད་དང་། ཤེས་དཔལ་སྤེལ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་པར་སྐུལ་འདེད་བཏང་ནས། འཛམ་གླིང་ཤེས་དཔལ་གྱི་མེ་ཏོག་སྣ་བརྒྱའི་ལྡུམ་ར་ཕུན་སུམ་ཚོགས་སུ་གཏོང་ཆེད་བསམ་བློ་དང་རིག་གནས་ཀྱི་སྟོབས་ཤུགས་སྣོན་རྒྱུའི་རེ་བ་ཡོད།
     ཚོགས་ཆེན་གྱི་བརྗོད་དོན་གཙོ་བོ་ནི“གོ་ལ་ཧྲིལ་པོའི་མཐོང་རྒྱའི་འོག་གི་ཀྲུང་ཧྭའི་ཤེས་དཔལ་དང་ཀྲུང་གོའི་འགྲོ་ལམ”ཞེས་པ་དེ་ཡིན་ཞིང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ཁང་དང་ཧྲང་ཧའེ་གྲོང་ཁྱེར་མི་དམངས་སྲིད་གཞུང་གིས་མཉམ་དུ་གཙོ་གཉེར་བྱས་པ་དང་དེ་ཉིན་ཧྲང་ཧའེ་རུ་འགོ་ཚུགས་པ་རེད།
     (ཚེ་རིང་བུ་ཁྲིད་ཀྱིས་བསྒྱུར། གནམ་ཕྱུག་རྒྱལ་གྱིས་ཞུས)