འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།《ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ》དེབ་བཞི་པའི་དབྱིན་ཡིག་དཔར་མའི་འོས་སྦྱོར་ཚོགས་འདུ་ནེ་པ་ལར་འཚོགས་པ།

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 11ཚེས་25ཉིན། 12:47】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ཀ་ཏ་མན་རྡུ་ནས་ཟླ་11ཚེས་23ཉིན་གློག་འཕྲིན་འབྱོར་གསལ། ཚེས་23ཉིན《ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ》དེབ་བཞི་པའི་དབྱིན་ཡིག་དཔར་མའི་འོས་སྦྱོར་ཚོགས་འདུ་ནེ་པ་ལའི་རྒྱལ་ས་ཀ་ཏ་མན་རྡུར་འཚོགས་པ་རེད། ནེ་པ་ལའི་ཙུང་ལི་ཟུར་པ་ཅ་ལཱ·ནཱ་ཐེ·ཁཱ་ནར་འོས་སྦྱོར་ཚོགས་འདུར་ཞུགས་པ་རེད།
     ཁཱ་ནར་གྱིས་ཤིས་ཚིག་སྒྲོན་སྐབས། ངས《ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ》ཀློག་དུས“གསར་གཏོད་དང་དགེ་མཚན་ལྡན་པའི་རང་བཞིན་ཆེན་པོས་ཀྲུང་གོའི་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་གྱི་མིག་རྒྱང་རིང་ལ་ལྟ་བ་ཟབ་པོ”ཡོད་པ་མཐོང་བྱུང་། ཀློག་པ་པོས《ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ》ཀློག་སྐབས། ཀྲུང་གོ་འཕེལ་རྒྱས་མྱུར་པོ་འགྲོ་དགོས་དོན་གང་ཡིན་པ་ཤེས་ཐུབ་ཅེས་བརྗོད་པ་རེད།
     ནེ་པ་ལར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ཁྲེན་སུང་གིས་ཤིས་ཚིག་སྒྲོན་སྐབས། 《ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ》དེབ་བཞི་པའི་དབྱིན་ཡིག་དཔར་མ་ནེ་པ་ལར་བཏོན་པ་དེས་ནེ་པ་ལའི་སྤྱི་ཚོགས་ལས་རིགས་ཁག་གི་མིས་ཀྲུང་གོ་གུང་ཁྲན་ཏང་ལམ་ལྷོངས་ཡོང་དགོས་དོན་གང་ཡིན་པར་ངོས་འཛིན་ཐུབ་ནས། ཀྲུང་གོའི་འགྲོ་ལམ་དང་། ཀྲུང་གོའི་བཅོས་སྐྱོང་། ཀྲུང་གོའི་གནས་ལུགས་བཅས་ལ་གོ་བ་གཏིང་ཟབ་ལེན་ཐུབ། དེས་ཀྲུང་ནེའི་འཕེལ་རྒྱས་དང་དར་རྒྱས་ཀྱི་མི་རབས་ནས་མི་རབས་བར་གྱི་མཛའ་གྲོགས་ཀྱི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བ་མཐོ་ཚད་གསར་པར་ཟམ་མི་ཆད་པར་སླེབས་པར་ཕན་ཐོགས་ཡོད་ཅེས་བརྗོད་པ་རེད།
     ད་ཐེངས་ཀྱི་འོས་སྦྱོར་ཚོགས་འདུ་ནི་ཕྱི་རྒྱལ་སྐད་ཡིག་དཔེ་སྐྲུན་ཁང་དང་ཀྲུང་གོ་རྒྱལ་སྤྱིའི་དཔེ་དེབ་ཚོང་དོན་ཚོགས་པ་ཚད་ཡོད་ཀུང་སིས་གཙོ་གཉེར་བྱས་པ་ཞིག་རེད།
     (རིག་རྡོར་གྱིས་བསྒྱུར། བསྟན་བཟང་དང་རིག་རྡོར་གྱིས་ཞུས)