འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།ཞི་ཅིན་ཕིང་གིས་གོ་ལ་ཧྲིལ་པོའི་གྲངས་འཛིན་ཚོང་དོན་དངོས་མང་སྟོན་ཚོགས་སྐབས་གཉིས་པར་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་པ།

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 11ཚེས་25ཉིན། 12:43】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་11ཚེས་23ཉིན་གློག་འཕྲིན་འབྱོར་གསལ། ཟླ་11ཚེས་23ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་གོ་ལ་ཧྲིལ་པོའི་གྲངས་འཛིན་ཚོང་དོན་དངོས་མང་སྟོན་ཚོགས་སྐབས་གཉིས་པར་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་པ་རེད།
     ཞི་ཅིན་ཕིང་གིས་དེང་སྐབས་གོ་ལ་ཧྲིལ་པོའི་གྲངས་འཛིན་ཚོང་དོན་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་ཕྱིན་ནས་རྒྱལ་སྤྱིའི་ཚོང་དོན་གྱི་བཀྲག་མདངས་འཚེར་ས་གསར་པ་ཞིག་ཏུ་གྱུར་ཡོད། ཉེ་བའི་ལོ་ཤས་རིང་། ཀྲུང་གོས་ཚད་གཞི་མཐོ་བའི་རྒྱལ་སྤྱིའི་དཔལ་འབྱོར་ཚོང་དོན་གྱི་སྒྲིག་སྲོལ་དང་འབྲེལ་མཐུད་ཧུར་ཐག་བྱས་ཏེ་གྲངས་འཛིན་ཚོང་དོན་བཅོས་སྐྱོང་མ་ལག་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་བ་མ་ཟད། གྲངས་འཛིན་ཚོང་དོན་སྒྱུར་བཅོས་གསར་གཏོད་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ་ཀྲུང་གོའི་འཕེལ་རྒྱས་གསར་པར་བརྟེན་ནས་འཛམ་གླིང་ལ་གོ་སྐབས་གསར་པ་རྒྱུན་ཆད་མེད་པར་མཁོ་འདོན་བྱས་ཡོད། ཕྱོགས་ཁག་གིས་གོ་ལ་ཧྲིལ་པོའི་གྲངས་འཛིན་ཚོང་དོན་དངོས་མང་སྟོན་ཚོགས་ཀྱི་ལས་སྟེགས་གང་ལེགས་སྤྱད་དེ་ཐུན་མོང་ཐོག་མཉམ་ལས་ལ་གྲོས་བསྡུར་དང་། ཐུན་མོང་ཐོག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། ཐུན་མོང་ཐོག་གྲུབ་འབྲས་མཉམ་སྤྱོད་བཅས་བྱས་ནས་མཉམ་དུ་ལག་གདང་སྦྲེལ་ཏེ་གྲངས་འཛིན་ཚོང་དོན་ཐུན་མོང་འཕེལ་རྒྱས་ཀྱི་སྒུལ་ཤུགས་གསར་པར་གྱུར་པར་བྱས་ནས་འཛམ་གླིང་གི་དཔལ་འབྱོར་འཕར་བར་སྒུལ་ནུས་གསར་པ་སྣོན་པའི་རེ་བ་ཡོད་ཅེས་གསུངས་པ་རེད།
     གོ་ལ་ཧྲིལ་པོའི་གྲངས་འཛིན་ཚོང་དོན་དངོས་མང་སྟོན་ཚོཊ་སྐབས་གཉིས་པ་ཚེས་23ཉིན་ཀྲེ་ཅང་ཞིང་ཆེན་ཧང་ཀྲོའུ་གྲོང་ཁྱེར་དུ་འགོ་ཚུགས་ཤིང་། བརྗོད་དོན་གཙོ་བོ་ནི“གྲངས་འཛིན་ཚོང་དོན་གོ་ལ་ཧྲིལ་པོར་ཁྱབ་པར”བྱེད་པ་འདི་ཡིན་པ་དང་ཀྲེ་ཅང་ཞིང་ཆེན་མི་དམངས་སྲིད་གཞུང་དང་ཚོང་དོན་པུས་མཉམ་དུ་གཙོ་གཉེར་བྱས་པ་རེད།