འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།སྟག་རྒན་འདིར་བརྟག་དཔྱད་བྱས་འདུག 

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 11ཚེས་24ཉིན། 15:35】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     ཀོང་ཏུང་ཞིང་ཆེན་སྒྲིག་ཨུ་ལྟ་ཞིབ་ཨུ་ལྷན་གྱི་འཕྲིན་གསར་ལྟར་ན། ཀོང་ཏུང་ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་ཏང་ཙུའུ་ཡི་ཁོངས་མི་དང་། ཞིབ་དཔྱོད་འགོ་འཛིན་གཞོན་པ་ཧོང་ལི་མིང་ལ་སྒྲིག་འགལ་ཁྲིམས་འགལ་ཚབས་ཆེན་བྱས་པའི་དོགས་གཞི་ཡོད་པས། ཉེ་ལམ་ཀོང་ཏུང་ཞིང་ཆེན་སྒྲིག་ཨུ་ལྟ་ཞིབ་ཨུ་ལྷན་གྱི་སྒྲིག་ཁྲིམས་ཞིབ་བཤེར་དང་ལྟ་ཞིབ་བརྟག་དཔྱད་དང་ལེན་བྱེད་བཞིན་ཡོད།
     ཧོང་ལི་མིང་གི་ལོ་རྒྱུས་མདོར་བསྡུས།
     ཧོང་ལི་མིང་། སྐྱེས་པ། རྒྱ་རིགས། 1966ལོའི་ཟླ་5པར་སྐྱེས། ཀོང་ཏུང་ལུང་ཁྲོན་ནས་ཡིན། ལས་ཐོག་ཞིབ་འཇུག་སློབ་མའི་སློབ་གཉེར་བརྒྱུད་རིམ་ལྡན། 1989ལོའི་ཟླ་6པར་ལས་ཀར་ཞུགས། 1992ལོའི་ཟླ་11པར་ཀྲུང་གོའི་གུང་ཁྲན་ཏང་ནང་ཞུགས། 
     སྔ་རྗེས་སུ་ཀོང་ཏུང་ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་གི་འགན་འཛོལ་དབང་གནོད་ངོ་རྒོལ་ཅུས་ཀྱི་ཅུས་ཀྲང་དང་། ཀྲན་ཅང་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་གི་ཏང་ཙུའུ་ཧྲུའུ་ཅི་དང་ཞིབ་དཔྱོད་འགོ་འཛིན། ཧྥོ་ཧྲན་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་གི་ཏང་ཙུའུ་ཧྲུའུ་ཅི་དང་ཞིབ་དཔྱོད་འགོ་འཛིན། ཀོང་ཏུང་ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་གི་ཏང་ཙུའུ་ཡི་ཁོངས་མི་དང་ཞིབ་དཔྱོད་འགོ་འཛིན་གཞོན་པ་བཅས་ཀྱི་འགན་བཞེས།