འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།ཀྲུང་གོས་ངོ་རྒོལ་མཐའ་གཅིག་ཏུ་བྱ་རྒྱུ། 

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 11ཚེས་24ཉིན། 14:19】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     ཕྱི་འབྲེལ་པུའི་མགྲིན་ཚབ་པ་མའོ་ཉིང་གིས། ཚེས་23ཉིན་ཀྲུང་གོ་ཕྱོགས་ཀྱིས་ཧྥུའུ་ཏའོ་གླིང་ཕྲན་གྱི་ཉིང་རྡུལ་བཙོག་ཆུ་རྒྱ་མཚོར་འབུད་པར་ངོ་རྒོལ་བྱེད་པའི་ལངས་ཕྱོགས་ནི་ཐོག་མཐའ་བར་གསུམ་དུ་གསལ་པོ་ཡིན་ཞེས་བཤད། 
     ཉིན་དེའི་རྒྱུན་གཏན་གྱི་གསར་འགོད་པའི་ཚོགས་འདུའི་ཐོག གསར་འགོད་པ་ཞིག་གིས། ཏུང་ཅིང་གློག་ཤུགས་ཀུང་སིས་ཉིང་རྡུལ་གློག་ཁང་གི་“གཙང་སེལ་ཆུ་”ཕྱིར་འབུད་བྱས་ནས་ཟླ་བ་གསུམ་སོང་ཡོད། ཀྲུང་གོ་ཕྱོགས་ཀྱིས་དེའི་ཐད་དཔྱད་གཏམ་གང་ཞིག་སྤེལ་རྩིས་ཡོད་དམ་ཞེས་དྲིས། 
     མའོ་ཉིང་གིས། ཀྲུང་གོ་ཕྱོགས་ཀྱིས་ཧྥུ་ཏའོ་གླིང་ཕྲན་གྱི་ཉིང་རྡུལ་བཙོག་ཆུ་རྒྱ་མཚོར་འབུད་པར་ངོ་རྒོལ་བྱེད་པའི་ལངས་ཕྱོགས་ནི་ཐོག་མཐའ་བར་གསུམ་དུ་གསལ་པོ་ཡིན། ལྗར་པན་ཧྥུ་ཏའོ་གླིང་ཕྲན་གྱི་ཉིང་རྡུལ་བཙོག་ཆུ་རྒྱ་མཚོར་འབུད་པའི་དོན་ནི་མིའི་རིགས་ཀྱི་བདེ་ཐང་དང་འབྲེལ་བ་ཡོད་པ་དང་། གོ་ལ་ཧྲིལ་པོའི་རྒྱ་མཚོའི་ཁོར་ཡུག་དང་འབྲེལ་བ་ཡོད་ལ། རྒྱལ་སྤྱིའི་སྤྱི་པའི་ཁེ་ཕན་དང་འབྲེལ་བ་ཡོད་ཅེས་བཤད།  
     མའོ་ཉིང་གིས།“ལྗར་པན་ཕྱོགས་ནས་རྒྱལ་ཁབ་ཕྱི་ནང་གི་ལུགས་མཐུན་དོ་ཁུར་ལ་ལྟ་སྟངས་ནན་མོ་འཛིན་དགོས་པ་དང་། འགན་འཁྲི་འཁུར་བ་དང་དགེ་མཚན་ལྡན་པའི་རྣམ་འགྱུར་ཐོག་ནས་ཐག་གཅོད་འཚམ་པོར་བྱེད་དགོས་”ཞེས་བཤད།