འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།མཚོ་སྔོན་ཞིང་ཆེན་ལ་ཕྱིར་གཏོང་ཁྲལ་སློག་མངོན་འགྱུར་བྱུང་ནས་སྲིད་ཇུས་ཀྱི་ཁེ་སྤོགས་སྒོར་ཁྲི་12481ཟིན་པ།

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 11ཚེས་24ཉིན། 14:04】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཉེ་ཆར་2023ལོའི་མཚོ་སྔོན་གྱི“ཁེ་རོགས་ཚོང་སྐུལ”གྱི་འགག་སྒོའི་ཕན་ནུས་ལས་སྒོའི་སྒྲོག་འགྲེལ་གསོ་སྦྱོང་ཚོགས་འདུ་ནས་གསར་འགོད་པར་ཤེས་རྟོགས་བྱུང་བར། 2023ལོའི་ཟླ་བདུན་པ་ཚུན་དུ། ཞིང་ཆེན་ཡོངས་ཀྱིས་ཕྱིར་གཏོང་ཁྲལ་སློག་ཞབས་འདེགས་ཀྱི་ལྟ་འདོམས་ལམ་སྲོལ་གསར་པ་གྲུབ་འབྲས་ཐོབ་པའི་ངང་ཁྱབ་གདལ་བཏང་ནས། “ཁྲལ་དངུལ་འཕྲལ་སློག་དང་། ཁྲལ་བསླུར་རྡུང་རྡེག ནང་སྐྱོན་ནན་བཤེར། ཕྱི་སྐུལ་དགའ་བསུ། རྒྱུན་མཐུད་དྲིལ་བསྒྲགས”ཀྱི་བྱེད་སྒོ་སྤེལ་ཏེ། མཚོ་སྔོན་གྱི་ཕྱི་ཕྱོགས་དཔལ་འབྱོར་འཕེལ་རྒྱས་འགྲོ་བར“དཔྱ་ཁྲལ་གྱི་སྟོབས་ཤུགས”གསར་པ་སྐྱེས་སུ་ཕུལ་བ་དང་། ཟླ་བཅུ་པའི་ཟླ་མཇུག་བར། ཞིང་ཆེན་ཡོངས་ཀྱི་ཕྱིར་གཏོང་ཁྲལ་སློག་གི་སྲིད་ཇུས་ཁེ་འབབ་སྒོར་ཁྲི་12481ཟིན་ཡོད་པ་རེད།
     ཉེ་བའི་ལོ་ཤས་རིང་། རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུས་མཚོ་སྔོན་ཞིང་ཆེན་ཁྲལ་དོན་ཅུས་ཀྱི་ཁྲལ་དོན་ཡོང་འབབ་རྒྱུན་མཐུད་དང་མགྱོགས་མྱུར། བརྟན་པོ་འཕར་བའི་རྣམ་པ་མངོན་ཡོད། 2023ལོར། ཁྲལ་དོན་སྡེ་ཚན་གྱིས་དམངས་ཕན་ཁྲལ་གཉེར་དང་ཁེ་རོགས་ཁེ་སྐྱོར་གྱི“དཔྱིད་རླུང་བྱ་སྤྱོད”ཆེན་པོ་གཉིས་རྒྱུན་མཐུད་སྤེལ་ནས། “ཕྱིར་གཏོང་ཁྲལ་སློག་གི་ཆ་སྙོམས་སྒྲུབ་གཉེར་དུས་ཚོད་སླར་ཡང་མགྱོགས་སུ་གཏོང་བ”ཚུད་པའི་ཁག་ལྔ་ཡི་དམངས་ཕན་ཞབས་འདེགས་བྱེད་ཐབས་109སྔ་རྗེས་སུ་བཏོན་ཏེ་དཔྱ་ཁྲལ་འཇལ་མཁན་དང་གྲོན་དངུལ་འཇལ་མཁན་ཚོའི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་ནུས་ཤུགས་ཡོད་རྒུས་ཐག་གཅོད་དང་གདེང་ཚོད་བརྟན་དུ་བཏང་ནས། ཁེ་ལས་ཁག་སྐྱོན་བྲལ་འཕེལ་རྒྱས་འགྲོ་བར་རྒྱུན་མཐུད་རམ་འདེགས་བྱས་པ་རེད།
     (དམ་ཆོས་མི་ཕམ་གྱིས་བསྒྱུར། ཚེ་དབང་ལྷ་མོས་ཞུས)