༄༅།།བོད་ལྗོངས་བྲག་གཡབ་རྫོང་གི་རྫ་ནག་ལག་རྩལ།
གསར་འགྱུར་སྤེལ་དུས། 【2023ལོའི་ཟླ་ 11ཚེས་23ཉིན། 14:25】 (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)
ཆོས་གྲུབ་ནི་བོད་རང་སྐྱོང་ལྗོངས་ཆབ་མདོ་གྲོང་ཁྱེར་བྲག་གཡབ་རྫོང་གི་རྫ་ནག་བཟོ་མཁན་རྫོང་རིམ་པའི་རྒྱུན་འཛིན་པ་ཞིག་ཡིན། 2019ལོར་ཆོས་གྲུབ་ཀྱིས་རྫ་ནག་བཟོ་ཁང་བཙུགས་ནས། ད་བར་མི་23ལས་ཞུགས་བྱེད་རོགས་བྱས་པས་ལོ་རེའི་ཡོང་འབབ་སྒོར་ཁྲི་30ཟིན།
བྲག་གཡབ་རྫ་ནག་ནི་བོད་ལྗོངས་ཤར་རྒྱུད་དུ་སྐད་གྲགས་ཆོད་པ་དང་། རྫ་ཆས་དེ་རིགས་མིག་ལ་མཛེས་པ་དང་དངོས་སྤྱོད་རང་བཞིན་ཧ་ཅང་ཆེན་པོ་ཡོད་པས་ས་གནས་དེ་གའི་མི་དམངས་ཀྱིས་ཧ་ཅང་དགའ་པོ་བྱེད་ཀྱི་ཡོད།
ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བོད་ལྗོངས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་སྣ་ཚོགས་སྲུང་སྐྱོང་དང་རྒྱུན་འཛིན་འཕེལ་རྒྱས་ནུས་ལྡན་བྱུང་ནས་རྒྱལ་ཁབ་དང་། རང་སྐྱོང་ལྗོངས། གྲོང་ཁྱེར(ས་ཁུལ།)རྫོང་(ཆུས།)བཅས་རིམ་པ་བཞིའི་མིང་ཐོའི་མ་ལག་སྔར་ལས་འཐུས་སྒོ་ཚང་དུ་ཕྱིན་ཡོད། མིག་སྔའི་བར། བོད་རང་སྐྱོང་ལྗོངས་ཀྱི་རིམ་ཁག་མངོན་མིན་རིག་གནས་ཤུལ་བཞག་གི་མཚོན་བྱེད་རང་བཞིན་གྱི་རྣམ་གྲངས་2600ཟིན་པ་དང་། རིམ་ཁག་མཚོན་བྱེད་རང་བཞིན་གྱི་རྒྱུན་འཛིན་པ་1668ཡོད་པ་རེད།