འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།མཉམ་འབྲེལ་རྒྱལ་ཚོཊ་ཐོག་གྲོས་འཆམ་བྱུང་འདུག 

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 11ཚེས་23ཉིན། 14:04】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     ས་གནས་དེ་གའི་དུས་ཚོད་ཟླ་11ཚེས་21ཉིན། མཉམ་འབྲེལ་རྒྱལ་ཚོགས་སྐབས་78པའི་ཚོགས་ཆེན་ཐོག་མོས་མཐུན་ཡོད་པའི་འདེམས་ཤོག་118དང་འཕེན་དབང་དོར་བའི་འདེམས་ཤོག་2ཀྱི་ཐོག་ནས། མིང་ལ་《ལུས་རྩལ་དང་ཨོ་ལིན་ཕིག་ལུས་རྩལ་གྱི་ཕུགས་བསམ་ལ་བརྟེན་ནས་ཞི་བདེ་དང་སྔར་ལས་མཛེས་སྡུག་ལྡན་པའི་འཛམ་གླིང་ཞིག་བསྐྲུན་དགོས་》ཞེས་པའི་གྲོས་ཆོད་ལ་གྲོས་འཆམ་བྱུང་བ་རེད། 
     གྲོས་ཆོད་ནང་ཁོངས་ཞུགས་རྒྱལ་ཁབ་ཀྱིས་《མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྩ་ཁྲིམས་》གཞིར་བཟུང་ནས། 2024ལོར་ཕ་རི་སིར་འཚོག་རྒྱུའི་དབྱར་དུས་ཀྱི་ཨོ་ལིན་ཕིག་ལུས་རྩལ་འགྲན་ཚོགས་སྐབས་སོ་གསུམ་པ་འགོ་མ་ཚུགས་གོང་གི་ཉིན་བདུན་པ་ནས་དབྱར་དུས་ཀྱི་དབང་པོ་སྐྱོན་ཅན་པའི་ཨོ་ལིན་ཕིག་ལུས་རྩལ་འགྲན་ཚོགས་སྐབས་བཅུ་བདུན་པ་མཇུག་བསྒྲིལ་རྗེས་ཀྱི་ཉིན་བདུན་པའི་བར། རང་རང་སོ་སོ་དང་ཐུན་མོང་གིས་ཨོ་ལིན་ཕིག་ལུས་རྩལ་འགྲན་ཚོགས་སྐབས་དམག་མཚམས་འཇོག་པར་བརྩི་སྲུང་ཞུ་དགོས་པའི་སྐུལ་མ་བཏང་ཡོད། 
     མཉམ་འབྲེལ་རྒྱལ་ཚོགས་ཀྱིས་1993ལོའི་ཟླ་10པར་གྲོས་ཆོད་ལ་གྲོས་འཆམ་བྱུང་ནས། ཁོངས་ཞུགས་རྒྱལ་ཁབ་ཁག་གིས་སྐབས་རེ་རེའི་ཨོ་ལིན་ཕིག་ལུས་རྩལ་འགྲན་ཚོགས་འགོ་མ་ཚུགས་གོང་གི་ཚེས་7ཉིན་ནས་མཇུག་བསྒྲིལ་རྗེས་ཀྱི་ཚེས་7ཉིན་བར་“ཨོ་ལིན་ཕིག་ལུས་རྩལ་འགྲན་ཚོགས་སྐབས་དམག་མཚམས་འཇོག་རྒྱུ་”བརྩི་སྲུང་བྱེད་པའི་སྐུལ་མ་བཏང་ཡོད། དེར་བརྟེན་སྐབས་རེ་རེའི་ཨོ་ལིན་ཕིག་ལུས་རྩལ་འགྲན་ཚོགས་འཚོག་གྲབས་ཡོད་པའི་སྐབས་སུ་འབྲེལ་ཡོད་གྲོས་ཆོད་ལ་གྲོས་འཆམ་བྱུང་བ་རེད།