འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།“ལོ་ལྔ་ཚན་བཅུ་བཞི་པའི”རིང་བོད་ལྗོངས་སུ་གསར་དུ་སྐྲུན་འགོ་ཚུགས་པའི་ཆུ་བེད་ཀྱི་གཙོ་གནད་ལས་གྲྭ་དང་པོ་སྟེ། 
བར་རྩེ་ཆུ་བེད་ལྟེ་བའི་ལས་གྲྭའི་ཆུ་ལྡོག་འདྲེན་དང་ཆུ་ལོག་གཤོང་བའི་ཁུང་བུ་ཏལ་འབིགས་ཐུབ་པ།

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 11ཚེས་23ཉིན། 13:33】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
འདི་ནི་བར་རྩེ་ཆུ་བེད་ལྟེ་བའི་ལས་གྲྭའི་ཆུ་ལྡོག་འདྲེན་དང་ཆུ་ལོག་གཤོང་བའི་ཁུང་བུ་བདེ་བླག་ངང་ཏལ་འབིགས་ཐུབ་པའི་ལས་ཡུལ་དངོས་ཡིན་པ།
འདི་ནི་བར་རྩེ་ཆུ་བེད་ལྟེ་བའི་ལས་གྲྭའི་ཆུ་ལྡོག་འདྲེན་དང་ཆུ་ལོག་གཤོང་བའི་ཁུང་བུ་བདེ་བླག་ངང་ཏལ་འབིགས་ཐུབ་པའི་ལས་ཡུལ་དངོས་ཡིན་པ། 
     འདི་ག་ཚགས་པར་ཁང་དུ་ཟླ་11ཚེས་20ཉིན་གློག་འཕྲིན་འབྱོར་གསལ། ཚེས་20ཉིན། རྫས་མའི་སྒྲ་གྲགས་པ་དང་བསྟུན་ནས་བོད་ལྗོངས་བར་རྩེ་ཆུ་བེད་ལྟེ་བའི་ལས་གྲྭའི་ཆུ་ལྡོག་འདྲེན་དང་ཆུ་ལོག་གཤོང་བའི་ཁུང་བུ་བདེ་བླག་ངང་ཏལ་འབིགས་ཐུབ་པ་ལས་ལྡོག་འདྲེན་བཅད་བཀག་ལས་གྲྭ་ཕྱོགས་ཡོངས་ནས་ལག་བསྟར་དུས་མཚམས་སུ་སླེབས་པ་མཚོན་གྱི་ཡོད།
     བར་རྩེ་ཆུ་བེད་ལྟེ་བ་དང་དེའི་ལེ་ལག་ཚང་བའི་ཆུ་འདྲེན་ཁུལ་གྱི་ལས་གྲྭ་ནི་བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་ངམ་རིང་རྫོང་ཁོངས་སུ་གནས་པ་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་གཏན་འཁེལ་བྱས་པའི་ཆུ་གྲོན་ཆུང་དང་ཆུ་མཁོ་འདོན་གྱི་གཙོ་གནད་ལས་གྲྭ་ཁག་150ཡི་གྲས་ཡིན་ཞིང་། དེ་ནི་མིག་སྔར་རྒྱལ་ཡོངས་སུ་སྐྲུན་བཞིན་པའི་ས་བབ་མཐོ་ཤོས་ཀྱི་རྒྱལ་ཁབ་རིམ་པའི་ཆུ་བེད་གཙོ་གནད་ལས་གྲྭ་ཞིག་རེད་ལ། “ལོ་ལྔ་ཚན་བཅུ་བཞི་པའི”རིང་རང་ལྗོངས་སུ་གསར་དུ་སྐྲུན་པའི་ཆུ་བེད་གཙོ་གནད་ལས་གྲྭ་ཞིག་ཀྱང་རེད། ལས་གྲྭ་དེ་ནི་ལྟེ་བའི་ལས་གྲྭ་དང་། ངམ་རིང་གི་ཆུ་མཁོ་འདོན་ལས་གྲྭ ལེ་ལག་ཚང་བའི་ཆུ་འདྲེན་ཁུལ་གྱི་ལས་གྲྭ་བཅས་ལས་གྲུབ་ཅིང་། ཆུ་འདྲེན་དང་གློག་གཏོང་རྒྱུ་གཙོ་བོར་བྱེད་པ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཆུ་མཁོ་འདོན་མཉམ་དུ་བྱས་ནས་ས་ཁོངས་ཀྱི་ཆུའི་སྐྱེ་ཁམས་ཁོར་ཡུག་ལེགས་སུ་གཏོང་བར་མཐུན་རྐྱེན་བསྐྲུན་ཡོད། ལོ་མང་རིང་ཆ་སྙོམས་ཆུ་སྨི་རྒྱ་དཔངས་གྲུ་བཞི་མ་ཁྲི་1907མཁོ་འདོན་བྱེད་པ་དང་། ཆུ་འདྲེན་ཁྱོན་མུའུ་ཁྲི་4.28འཆར་འགོད་བྱས་ཤིང་། གློག་ཁང་ནས་གློག་འདོན་ཚད་ཀྲའོ་ཝ་58ཟིན་ནས་ལོ་མང་རིང་ཆ་སྙོམས་གློག་གཏོང་ཚད་ཆུ་ཚོད་ཆན་ཝ་དུང་ཕྱུར་2.06ཟིན་ཡོད།
     བར་རྩེ་ཆུ་བེད་ལྟེ་བའི་ལས་གྲྭ་བསྐྲུན་རྗེས། ཆུ་མཛོད་སྨད་རྒྱུད་ཀྱི་ཆུ་འདྲེན་ཁུལ་འགན་ལེན་བྱེད་ཚད་སྔར་བས་མཐོ་རུ་ཕྱིན་ནས། ཆུ་འདྲེན་ཁུལ་དུ་དཔྱིད་དུས་དང་དགུན་དུས་ཐན་པ་བསྟན་སྐབས་ཆུ་དཀོན་པའི་གནད་དོན་ཞི་ལྷོད་དུ་ནུས་ལྡན་འགྲོ་བ་དང་། ས་གནས་དེ་གའི་ཆུ་ནུས་ཐོན་ཁུངས་གསར་སྤེལ་ཐུབ་ནས་གཞིས་རྩེ་གྲོང་ཁྱེར་གྱི་རྫོང་5ཡི་དགུན་དུས་གློག་དཀོན་པའི་གནད་དོན་གཞི་རྩའི་ཆར་ཐག་གཅོད་ཐུབ་སྟེ། བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོཊ་སྤུས་ཚད་མཐོ་པོས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བ་དང་། གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་གཏོང་བ། སྐྱེ་ཁམས་ཁོར་ཡུག་ལེགས་སུ་གཏོང་བ་སོགས་ལ་ནུས་པ་གལ་ཆེན་ཐོན་ངེས་རེད།
     ཇོ་མོ་གླང་མ་གྲོང་ཁྱེར་མ་འཇོག་ཚོགས་པའི་སྤྱི་ཁྱབ་ཅིང་ལི་གཞོན་པ་ཕུར་བུ་ཚེ་རིང་གིས། བར་རྩེ་ཆུ་བེད་ལྟེ་བའི་ལས་གྲྭ་སྐྲུན་འགོ་ཚུགས་པ་ནས་བཟུང་། སྤྱི་ཚོགས་ཀྱི་འགན་འཁྲི་ལག་བསྟར་ཧུར་ཐག་བྱས་པས་ཞིང་འབྲོག་པར་འབབ་འཕར་སྐུལ་ཁྲིད་ཀྱི་ཕན་འབྲས་མངོན་གསལ་དོད་པོ་ཐོན་ཡོད། ལས་གྲྭར་རིམ་རྩིས་བྱས་ན་ཞིང་པ་ལས་མི་1058བསྡུས་པར་གླ་ཆ་སྒོར་ཁྲི་2338.99སྤྲད་པ་དང་། ས་གནས་དེ་གའི་ཞིང་འབྲོག་པ་187བསྡུས་པར་རིམ་རྩིས་བྱས་ན་གླ་ཆ་སྒོར་ཁྲི་237.98སྤྲད་ཡོད། ས་གནས་དེ་གའི་འཕྲུལ་འཁོར་59སྤྱད་པ་དང་འཕྲུལ་འཁོར་སྤྱད་པའི་གླ་ཆ་སྒོར་ཁྲི་1587.33སྤྲད་པ་རེད། ལས་གྲྭ་བསྐྲུན་རྗེས་ད་དུང་ངམ་རིང་རྫོང་གྲོང་ལ་བློས་འགེལ་ཆོག་པ་དང་སྤུས་ལེགས་ཀྱི་འཐུང་ཆུ་མཁོ་འདོན་ཐུབ་ཀྱི་ཡོད་ཅེས་བརྗོད་པ་རེད།
     (གནམ་ཕྱུག་རྒྱལ་གྱིས་བསྒྱུར། ལྷག་གནམ་གྱིས་ཞུས)