འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།མཚོ་སྔོན་ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ལྷན་གྱིས་མི་རིགས་ས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་པོས་འཕེལ་རྒྱས་འགྲོ་བར་རམ་འདེགས་བྱས་པ།

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 11ཚེས་23ཉིན། 13:30】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཟླ་11ཚེས་14ཉིན་གསར་འགོད་པར་མཚོ་སྔོན་ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ལྷན་ནས་ཤེས་རྟོགས་བྱུང་བར། འདི་ལོ་ཚུན། ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ལྷན་གྱིས་སྒྱུར་བཅོས་དང་འཕེལ་རྒྱས་ཚང་མར“དོན་སྙིང་གསུམ”སྣོན་པའི་བླང་བྱ་གཞིར་བཟུང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་ཀྱི་བརྟན་པོ་འཆང་བའི་གཙོ་རྐང་ལ་དམ་པོར་དམིགས་ནས་གྲངས་ཉུང་མི་རིགས་འཕེལ་རྒྱས་ཀྱི་ལས་འགན་མ་དངུལ་སྒོར་དུང་ཕྱུར་4.12ལྷག་ཙམ་བརྩོན་ལེན་བྱས་ཏེ། གྲོང་གསེབ་དང་འབྲོག་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་ཀྱི་ཞན་ཆ་སེལ་བ་དང་། ཁྱད་ལྡན་ཐོན་ལས་ལ་འདེགས་སྐྱོར། གྲངས་ཉུང་མི་རིགས་ཀྱི་ཁྱད་ལྡན་གྲོང་སྡེ་སྲུང་སྐྱོང་དང་འཕེལ་རྒྱས་གཏོང་བ། “བདེ་ཐང་འཐུང་ཇ”དང“དུད་ཚང་དུ་ཇ་ལོ་སྐྱེལ་བ”སོགས་ཀྱི་རྣམ་གྲངས་ཁག་265གཙོ་གནད་ལག་བསྟར། དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་རྒྱ་སྐྱེད་གཏོང་བ་དང་གྲོང་གསེབ་དར་རྒྱས་འབྲེལ་མཐུད་ནུས་ལྡན་བྱས་ནས་སྤུས་ཚད་མཐོ་རུ་དང་ཕན་འབྲས་ཆེ་རུ་གཏོང་བ་བཅས་བྱས་ཏེ་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཆང་བའི་དངོས་པོའི་རྨང་གཞི་བརྟན་དུ་བཏང་ཡོད།
     འདི་ལོ་ཚུན། མ་དངུལ་སྒོར་དུང་ཕྱུར་2.68ལྷག་ཙམ་བཏང་ནས་གྲངས་ཉུང་མི་རིགས་ཀྱི་སྲོལ་རྒྱུན་ལག་ཤེས་བཟོ་ལས་དང་འདེབས་འཛུགས་གསོ་ཚགས་ལས་རིགས་སོགས་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་རྣམ་གྲངས་ཁག་150ལག་བསྟར་བྱས་ཡོད། མ་དངུལ་སྒོར་དུང་ཕྱུར་1.26ལྷག་ཙམ་བཏང་ནས་གྲོང་གསེབ་ཀྱི་འགྲོ་ལམ་དང་། ཟམ་པ་ཆུང་གྲས། ཆུ་བེད་ཆུ་འདྲེན་སོགས་ཀྱི་རྨང་གཞིའི་སྒྲིག་བཀོད་རྣམ་གྲངས་ཁག་74ལག་བསྟར་བྱས་ཡོད། མ་དངུལ་སྒོར་དུང་ཕྱུར་0.18ལྷག་ཙམ་བཏང་ནས“བདེ་ཐང་འཐུང་ཇའི”རྣམ་གྲངས་ཁག་41ལག་བསྟར་བྱས་ཡོད། ཟླ་དགུ་པའི་ཟླ་མཇུག་བར་གྲངས་ཉུང་མི་རིགས་འཕེལ་རྒྱས་ཀྱི་ལས་འགན་མ་དངུལ་ནས་སྒོར་དུང་ཕྱུར་3.3ལྷག་ཙམ་བཏང་བ་དང་། མ་དངུལ་གཏོང་ཚད་80.51%ཟིན་ཡོད། རྣམ་གྲངས་ལག་ལེན་བསྟར་བ་བརྒྱུད་མི་རིགས་ས་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་ཀྱི་ཆ་རྐྱེན་ལེགས་སུ་ཕྱིན་པ་དང་། སྤྱི་པའི་ཞབས་ཞུའི་ཆུ་ཚད་མཐོ་རུ་ཕྱིན་པ། དམངས་འཚོའི་བདེ་རྩ་ཆེ་རུ་ཕྱིན་ཡོད། དེ་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་པ་དང་། མི་རིགས་ཁག་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་སྐུལ་འདེད་གཏོང་བ། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཆང་བར་དགེ་མཚན་ལྡན་པའི་ནུས་པ་ཐོན་ཡོད། ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ལྷན་གྱི་འབྲེལ་ཡོད་འགན་འཁུར་བས། སླད་ཕྱིན་བྱེད་པོའི་འགན་འཁྲི་སྔར་བས་དོན་འཁྱོལ་བྱས་ནས་གྲངས་ཉུང་མི་རིགས་འཕེལ་རྒྱས་ཀྱི་ལས་འགན་མ་དངུལ་ལ་ལྟ་འདོམས་བྱེད་ཤུགས་ཆེ་རུ་གཏོང་བ་དང་། རྣམ་གྲངས་ཀྱི་མ་དངུལ་དོ་དམ་གྱི་ཆུ་ཚད་མཐོ་རུ་གཏོང་བ། རྣམ་གྲངས་ཀྱི་མ་དངུལ་གྱི་སྤྱི་ཚོགས་ཕན་འབྲས་དང་དཔལ་འབྱོར་ཕན་འབྲས་ཡག་པོ་འདོན་པ། དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་རྒྱ་སྐྱེད་གཏོང་བ་དང་གྲོང་གསེབ་དར་རྒྱས་འབྲེལ་མཐུད་ཟམ་མི་ཆད་པར་བྱེད་པ་བཅས་ལ་བརྟེན་ནས་ཞིང་ཆེན་ཡོངས་ཀྱི་མི་རིགས་ས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རམ་འདེགས་བྱེད་ཀྱི་ཡིན་ཞེས་བརྗོད་པ་རེད།
     (དབང་སྒྲོན་སྐྱིད་ཀྱིས་བསྒྱུར། པ་ཚེས་ཞུས)