འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།ཨུ་རུ་སུས་བྱང་ཆིངས་མཚོ་དམག་བཀག་འགོག་བྱས། 

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 11ཚེས་22ཉིན། 14:20】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     ཚེས་21ཉིན། ཨུ་རུ་སུའི་རྒྱལ་སྲུང་པུའུ་ཀྲང་ཧྲའོ་དབྱི་ཀུའུ་ཡིས། ཨུ་རུ་སུའི་དམག་གྲུས་ད་ལོ་འཛམ་གླིང་གི་རྒྱ་མཚོར་སྐོར་ཞིབ་ཐེངས་50ལྷག་ཙམ་བྱས་པ་དང་། མཚོ་འགྲུལ་ལམ་ཐག་མཚོ་ལེ་ཁྲི་20ལས་བརྒལ་ནས་བྱང་ཆིངས་མཚོ་དམག་གི་དམག་དཔུང་བཀག་འགོག་བྱས་ཅེས་བཤད། གཞན་ཡང་། ཨུ་རུ་སུས་ཕྱི་རྒྱལ་དང་མཉམ་དུ་འཛམ་གླིང་གི་རྒྱ་མཚོའི་མཚོ་ཁོངས་གལ་ཆེན་དུ་མཉམ་འབྲེལ་སྐོར་ཞིབ་ཀྱི་ལས་ཀ་སྔར་བཞིན་མུ་མཐུད་བྱེད་བཞིན་ཡོད་ལུགས་བསྟན།