༄༅།།བོད་ལྗོངས་ལྷུན་རྩེའི་ནས་ནག་རྩམ་པ་དང་འདམ་གཞུང་གི་འབྲི་གཡག་རྒྱལ་ཁབ་ཀྱི་ས་ཁམས་མཚོན་རྟགས་བེད་སྤྱོད་སྐུལ་འདེད་
ཀྱི་གཙོ་གནད་འབྲེལ་གཏུག་མཛུབ་ཁྲིད་མིང་གཞུང་ཁག་གཉིས་པར་ཚུད་པ།
གསར་འགྱུར་སྤེལ་དུས། 【2023ལོའི་ཟླ་ 11ཚེས་22ཉིན། 13:23】 (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)
འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། ཉེ་ཆར། རྒྱལ་ཁབ་ཤེས་བྱའི་བདག་དབང་ཅུས་ཀྱིས《ས་ཁམས་མཚོན་རྟགས་བེད་སྤྱོད་སྐུལ་འདེད་ཀྱི་གཙོ་གནད་འབྲེལ་གཏུག་མཛུབ་ཁྲིད་ཀྱི་མིང་གཞུང་ཁག་གཉིས་པ་གཏན་འཁེལ་བྱེད་པའི་སྐོར་གྱི་རྒྱལ་ཁབ་ཤེས་བྱའི་བདག་དབང་ཅུས་གཞུང་ལས་ཁང་གི་བརྡ་ཐོ》བཀྲམ་ནས་རྒྱལ་ཡོངས་ས་གནས་ཁག་གི་ཁྱད་ལྡན་ས་ཁམས་མཚོན་རྟགས་60བེད་སྤྱོད་སྐུལ་འདེད་ཀྱི་རྣམ་གྲངས་འཛུགས་པར་ཆོག་མཆན་ཐོབ་ཡོད་པ་ལས། བོད་ལྗོངས་ལྷུན་རྩེའི་ནས་ནག་རྩམ་པ་དང་འདམ་གཞུང་གི་འབྲི་གཡག་ས་ཁམས་མཚོན་རྟགས་གཉིས་བདེ་བླག་ངང་ཚུད་ཡོད། མིང་གཞུང་དུ་ཚུད་པ་དེ་ནི“ས་ཁམས་མཚོན་རྟགས་ཡག་པོ་སྤྱོད་པ་དང་། སྤུས་རྟགས་ཀྱི་རིན་ཐང་མཐོ་རུ་གཏོང་བ། ཁྱད་ལྡན་ཐོན་ལས་འཕེལ་རྒྱས་གཏོང་བ། ས་གནས་ཀྱི་མི་སེར་ལ་བདེ་སྐྱིད་སྐྲུན་པ”བཅས་ལ་དགེ་མཚན་ལྡན་པའི་གྲུབ་འབྲས་ཐོབ་པའི་ས་ཁམས་མཚོན་རྟགས་ལ་ཁས་ལེན་བྱས་པ་ཞིག་ཡིན་པ་དང་། རྒྱལ་ཁབ་ཤེས་བྱའི་བདག་དབང་ཅུས་དང་རང་སྐྱོང་ལྗོངས་ཁྲོམ་ར་ལྟ་འདོམས་ཅུས་ཀྱིས་བེད་སྤྱོད་སྐུལ་འདེད་དང་། ལས་སྒོ་མཛུབ་ཁྲིད་དང་སྲིད་ཇུས་སོགས་ཀྱི་ཐད་རོགས་སྐྱོར་བྱས་ནས་ས་ཁམས་མཚོན་རྟགས་ཀྱི་སྤུས་རྟགས་ཀྱི་ཤུགས་རྐྱེན་ཐེབས་ཤུགས་དང་། ཐོན་རྫས་ཀྱི་སྐད་གྲགས་ཆོད་ཚད། ཐོན་རྫས་ཀྱི་ཟུར་སྣོན་རིན་ཐང་བཅས་སྔར་བས་ཆེ་རུ་གཏོང་བར་སྐུལ་འདེད་ཀྱི་ནུས་པ་ལྡན་ཡོད་པ་རེད།
(པ་ཕན་གྱིས་བསྒྱུར། མཚམས་གཅོད་ཀྱིས་ཞུས)
