འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།དམག་འཁྲུག་ཁྲོད་བྱིས་པར་འཇབ་རྒོལ་བྱས་པའི་ཐད། 

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 11ཚེས་21ཉིན། 15:34】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     དབྱི་སི་རལ་གྱི་དམག་དཔུང་གིས་ཅ་ཧྲ་ས་ཁུལ་གྱི་ཡུལ་གྱར་བའི་སྒར་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གཉེར་སྐྱོང་སློབ་གྲྭར་འཇབ་རྒོལ་བྱས་པར་དམིགས་ནས། ཚེས་20ཉིན། ཕྱི་འབྲེལ་པུའི་མགྲིན་ཚབ་པ་མའོ་ཉིང་གིས། ཅ་ཧྲ་ས་ཁུལ་གྱི་བྱིས་པ་ཡང་ཡང་འཇབ་རྒོལ་བྱེད་ཡུལ་དུ་གྱུར་པར་ཀྲུང་གོ་ཕྱོགས་ཀྱིས་དོ་ཁུར་ཆེན་པོ་བྱེད་ཀྱི་ཡོད་ཅེས་བཤད།
     ཉིན་དེའི་རྒྱུན་གཏན་གྱི་གསར་འགོད་པའི་ཚོགས་འདུའི་ཐོག གནས་འཕྲིན་སྤེལ་བར་གཞིགས་ན། ཚེས་18ཉིན་དབྱི་སི་རལ་གྱི་དམག་དཔུང་གིས་ཅ་ཧྲ་ས་ཁུལ་གྱི་བྱང་རྒྱུད་དུ་གནས་པའི་ཅེ་པ་ལི་ཡེ་ཡུལ་གྱར་བའི་སྒར་ལ་སླར་ཡང་འཇབ་རྒོལ་བྱས་ནས་མི་100ལྷག་ཙམ་ཤི་བ་རེད། དབྱི་སི་རལ་གྱི་དམག་དཔུང་གིས་ད་དུང་ཅ་ཧྲ་བྱང་རྒྱུད་ཀྱི་ཡུལ་གྱར་བའི་སྒར་གྱི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གཉེར་སྐྱོང་སློབ་གྲྭ་ཞིག་ལ་འཇབ་རྒོལ་བྱས་ནས་མི་50ལྷག་ཤི་བ་རེད། ཀྲུང་གོ་ཕྱོགས་ཀྱིས་དེའི་ཐད་དཔྱད་གཏམ་གང་ཞིག་སྤེལ་རྩིས་ཡོད་དམ་ཞེས་གསར་འགོད་པ་ཞིག་གིས་དྲིས། 
     མའོ་ཉིང་གིས། ཅེ་པ་ལི་ཡེ་ཡུལ་གྱར་བའི་སྒར་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གཉེར་སྐྱོང་སློབ་གྲྭར་འཇབ་རྒོལ་བྱས་པར་ཀྲུང་གོ་ཕྱོགས་ཧང་སངས་ཤིང་སེམས་སྡུག་བྱུང་བས། མི་སེར་དང་བྱིས་པར་དམིགས་པའི་དྲག་ཤུགས་དང་འཇབ་རྒོལ་བྱེད་པར་རྒོལ་གཏམ་གཏོང་རྒྱུ་ཡིན་ཞེས་བཤད།  
     མའོ་ཉིང་གིས།“ང་ཚོས་གདོང་གཏུག་མཁན་ཕྱོགས་ལ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཛ་དྲག་ཆེ་བའི་དམིགས་བསལ་གྲོས་ཚོགས་ཀྱི་གྲོས་ཆོད་དང་། བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཆོད་ཨང་2712དོན་འཁྱོལ་ཏན་ཏིག་བྱེད་པ་དང་། རྒྱལ་སྤྱིའི་མི་ཆོས་བཅའ་ཁྲིམས་བརྩི་སྲུང་ཞུ་བ། འཕྲལ་མར་དམག་མཚམས་འཇོག་པ། བྱིས་པའི་ཚེ་སྲོག་དང་ཁེ་དབང་སྲུང་སྐྱོང་ཏན་ཏིག་བཅས་བྱ་དགོས་པའི་སྐུལ་མ་གཏོང་རྒྱུ་”ཞེས་བཤད།