འཚོལ་བཤེར།   
藏文频道
2023ལོའི་ཟླ་11ཚེས་21ཉིན།

༄༅།།འགོ་ཁྲིད་འདི་དག་དང་ཐུག་འཕྲད་བྱས་པ།  

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 11ཚེས་21ཉིན། 15:25】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     ཟླ་11ཚེས་20ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་ཕྱི་འབྲེལ་པུའུ་ཀྲང་ཝང་དབྱི་ཡིས་པེ་ཅིང་དུ་སོ་ཏི་ཨ་རབ་ཀྱི་ཕྱི་འབྲེལ་བློན་ཆེན་ཧྥེ་སར་དང་། ཇོ་ཏན་གྱི་དབུ་བཞུགས་བློན་ཆེན་གཞོན་པ་དང་ཕྱི་འབྲེལ་བློན་ཆེན་གཅིག་ལྕོགས་ས་ཧྥ་ཏི། ཨེ་ཅིབ་ཀྱི་ཕྱི་འབྲེལ་པུའུ་ཀྲང་ཧྲུའུ་ཁེ་ལི། ཧིན་རྡུ་ཉི་ཞི་ཡའི་ཕྱི་འབྲེལ་པུའུ་ཀྲང་ལེ་ཐེ་ནོ། ཕ་ལེ་སི་ཐན་གྱི་ཕྱི་འབྲེལ་པུའུ་ཀྲང་མ་ལི་ཅི། དབྱི་སི་ལན་མཉམ་ལས་རྩ་འཛུགས་ཀྱི་དྲུང་ཡིག་ཆེན་མོ་ཐ་ཧ་བཅས་ལས་གྲུབ་པའི་ཨ་རབ་དང་དབྱི་སི་ལན་རྒྱལ་ཁབ་ཀྱི་ཕྱི་འབྲེལ་པུའུ་ཀྲང་མཉམ་འབྲེལ་འཐུས་ཚབ་ཚོགས་པ་དང་གྲོས་མོལ་བྱས་པ་རེད། 
     ཝང་དབྱི་ཡིས། ཨ་རབ་དང་དབྱི་སི་ལན་རྒྱལ་ཁབ་དང་མཉམ་དུ་འབད་བརྩོན་བྱས་ཏེ། ཀཱ་ཟ་དམག་འཁྲུག་གི་མེ་ལྕེ་གང་མགྱོགས་ཞོད་འཇགས་སུ་གཏོང་བ་དང་མི་ཆོས་རིང་ལུགས་ཀྱི་ཉམས་ཉེན་ཞི་ལྷོད་དུ་གཏོང་བ། བཀག་ཉར་བྱས་པའི་མི་སྣ་གློད་འགྲོལ་གཏོང་བ། ཕ་ལེ་སི་ཐན་གྱི་གནད་དོན་སྔ་ཙམ་ཕྱོགས་ཡོངས་ནས་དྲང་གཞག་དང་ཡུན་རིང་ཐག་གཅོད་ཡོང་བར་སྐུལ་འདེད་གཏོང་བ་བཅས་ཀྱི་ཆེད་དུ་འབད་བརྩོན་ལྷོད་མེད་བྱེད་འདོད་ཡོད་ཅེས་བཤད་པ་རེད།
     ཚོགས་འདུར་ཞུགས་པའི་ཨ་རབ་དང་དབྱི་སི་ལན་རྒྱལ་ཁབ་ཀྱི་ཕྱི་འབྲེལ་པུའུ་ཀྲང་གིས། ཀྲུང་གོས་ཕ་དབྱི་གདོང་གཏུག་མཇུག་སྒྲིལ་བ་དང་། ཕ་དབྱི་ཡི་གནད་དོན་ཐག་གཅོད། དྲང་སྙོམས་དང་དྲང་བདེན་མངོན་འགྱུར་བཅས་བྱེད་པར་ནུས་པ་སྔར་ལས་ཆེ་བ་འདོན་རྒྱུའི་རེ་སྒུག་བྱེད་ཀྱི་ཡོད་ཅེས་བཤད།