༄༅།།ཀན་སུའུ་ཡི་ལས་བྱེད་པ་ཁྲི་25ལྷག་ཙམ་གྱིས་དཀའ་ངལ་ཡོད་པའི་མང་ཚོགས་དང་ཆ་སྒྲིག་བྱས་པ།
——དཀའ་ངལ་སྣ་ཚོགས་ཁྲི་20ལྷག་ཙམ་སེལ་རོགས་བྱས་པ།
གསར་འགྱུར་སྤེལ་དུས། 【2023ལོའི་ཟླ་ 11ཚེས་21ཉིན། 14:04】 (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)
▲ “ཆ་སྒྲིག་རོགས་སྐྱོར·གཅེས་སེམས་ཀན་སུའུ”འདུ་འགོད་ལག་ལེན་བསྟར་ནས་ལོ་ཕྱེད་ཙམ་སོང་རིང་། ལས་བྱེད་པ་ཁྲི་25.1གིས་དཀའ་ངལ་ཡོད་པའི་མང་ཚོགས་ལ་ཆ་སྒྲིག་རོགས་སྐྱོར་བྱས་པར། རིམ་རྩིས་བྱས་ན་གཅེས་སེམས་འཆང་ཡུལ་ལ་དཀའ་ངལ་དངོས་སྣ་ཚོགས་ཁྲི་9.85སེལ་རོགས་བྱས་པ་དང་བྱ་བ་དངོས་ཁྲི་13.85བསྒྲུབས་ཡོད་པ་རེད།
▲ འདི་ལོའི་ཟླ་ལྔ་པར། “ཆ་སྒྲིག་རོགས་སྐྱོར·གཅེས་སེམས་ཀན་སུའུ”འདུ་འགོད་ལག་ལེན་བསྟར་ནས་དྭ་ཕྲུག་དང་། དཀའ་ངལ་ཡོད་པའི་དབང་པོ་སྐྱོན་ཅན་ཚབས་ཆེན། དམིགས་བསལ་དཀའ་ངལ་ཡོད་པའི་ཁྱིམ་ཚང་བཅས་ལ་གཙོ་གནད་ཐོག་དམིགས་ཏེ། ཞིང་ཆེན་དང་། གྲོང་ཁྱེར(ཀྲོའུ) རྫོང(ཆུས) ཤང(གྲོང་རྡལ)བཅས་ཀྱི་རིམ་ཁག་འགོ་ཁྲིད་ལས་བྱེད་པར“གཅིག་གཏད་གཅིག”གི་ཆ་སྒྲིག་གཉེན་འཚོལ་བྱས་ཡོད། མིག་སྔའི་བར། རོགས་སྐྱོར་མ་དངུལ(དངོས་ཟོག་དངུལ་ལ་ཕབ་ན)བསྡོམས་སྒོར་ཁྲི་4100ཡན་ཟིན་གྱི་ཡོད་པ་རེད།
ཤིན་ཧྭ་གསར་འགྱུར་ཁང་ལན་ཀྲོའུ་ནས་ཟླ་11ཚེས་19ཉིན་གློག་འཕྲིན་འབྱོར་གསལ། གསར་འགོད་པར་ཀན་སུའུ་ཞིང་ཆེན་དམངས་སྲིད་ཐིང་ནས་ཤེས་རྟོགས་བྱུང་བར། “ཆ་སྒྲིག་རོགས་སྐྱོར·གཅེས་སེམས་ཀན་སུའུ”འདུ་འགོད་ལག་ལེན་བསྟར་ནས་ལོ་ཕྱེད་ཙམ་སོང་རིང་། ལས་བྱེད་པ་ཁྲི་25.1གིས་དཀའ་ངལ་ཡོད་པའི་མང་ཚོགས་ལ་ཆ་སྒྲིག་རོགས་སྐྱོར་བྱས་པར། རིམ་རྩིས་བྱས་ན། གཅེས་སེམས་འཆང་ཡུལ་ལ་དཀའ་ངལ་དངོས་སྣ་ཚོགས་ཁྲི་9.85སེལ་རོགས་བྱས་པ་དང་བྱ་བ་དངོས་ཁྲི་13.85བསྒྲུབས་ཡོད་པ་རེད།
དམིགས་བསལ་དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་འཚོ་བའི་སྤུས་ཚད་ལེགས་སུ་གཏོང་ཆེད། ཀན་སུའུ་ཡིས་འདི་ལོའི་ཟླ་ལྔ་པར། “ཆ་སྒྲིག་རོགས་སྐྱོར·གཅེས་སེམས་ཀན་སུའུ”འདུ་འགོད་ལག་ལེན་བསྟར་ནས་དྭ་ཕྲུག་དང་། དཀའ་ངལ་ཡོད་པའི་དབང་པོ་སྐྱོན་ཅན་ཚབས་ཆེན། དམིགས་བསལ་དཀའ་ངལ་ཡོད་པའི་ཁྱིམ་ཚང་བཅས་ལ་གཙོ་གནད་ཐོག་དམིགས་ཏེ། ཞིང་ཆེན་དང་། གྲོང་ཁྱེར(ཀྲོའུ) རྫོང(ཆུས) ཤང(གྲོང་རྡལ)བཅས་ཀྱི་རིམ་ཁག་འགོ་ཁྲིད་ལས་བྱེད་པར“གཅིག་གཏད་གཅིག”གི་ཆ་སྒྲིག་གཉེན་འཚོལ་བྱས་ནས་གཞུང་དངུལ་མི་སྤྱོད་པ་དང་། གང་ཐུབ་ཅི་ཐུབ། ནུས་པས་ལྕོགས་ཚོད་བཅས་ངང་རོགས་རམ་བྱེད་པ་དང་། འབྲེལ་གཏུག་བྱེད་པ་དང་། འཚམས་འདྲིར་སྐྱོད་པ། དཀའ་ངལ་སེལ་བ། སྲིད་ཇུས་དོན་འཁྱོལ་བཅས་བརྒྱུད་གཅེས་སེམས་འཆང་ཡུལ་གྱི་ཁེ་དབང་སྲུང་སྐྱོང་དང་སྤྱི་ཚོགས་ཀྱི་དོ་ཁུར་ལ་ཨ་ལན་སློག་དགོས་པའི་འབོད་སྐུལ་བྱས་པ་རེད། ཤེས་རྟོགས་བྱུང་བར་གཞིགས་ན། བྱ་སྤྱོད་སྤེལ་ཚུན། ཞིང་ཆེན་ཡོངས་ཀྱི་གོང་འོག་ཚང་མ་ཧུར་ཐག་ཞུགས་ནས་ཆ་སྒྲིག་ལས་དོན་ཐད“དུད་ཚང་གཅིག་ཀྱང་མི་ལུས་པ་དང་མི་གཅིག་ཀྱང་མི་ལུས་པ”ཧུར་ཐག་བྱས་ཤིང་། མིག་སྔའི་བར། རོགས་སྐྱོར་མ་དངུལ(དངོས་ཟོག་དངུལ་ལ་ཕབ་ན)བསྡོམས་སྒོར་ཁྲི་4100ཡན་ཟིན་གྱི་ཡོད་པ་རེད།
(ལྷག་པ་ཚེ་རིང་གིས་བསྒྱུར། གནམ་ཕྱུག་རྒྱལ་གྱིས་ཞུས)
