འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།སྐབས་བརྒྱད་པའི་ཉིང་ཁྲིའི་པི་ཤུའི་འགྲན་བསྡུར་འགོ་ཚུགས།  

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 11ཚེས་20ཉིན། 14:34】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
༄༅།།སྐབས་བརྒྱད་པའི་ཉིང་ཁྲིའི་པི་ཤུའི་འགྲན་བསྡུར་འགོ་ཚུགས།
     ཚེས་16ཉིན་ནས་ཚེས་18ཉིན་བར། རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུས་མདའ་འཕེན་ལུས་རྩལ་དོ་དམ་ལྟེ་གནས་དང་། ཀྲུང་གོའི་མདའ་འཕེན་མཐུན་ཚོགས། བོད་རང་སྐྱོང་ལྗོངས་ལུས་རྩལ་ཅུས། ཉིང་ཁྲི་གྲོང་ཁྱེར་མི་དམངས་སྲིད་གཞུང་བཅས་ཀྱིས་གཙོ་གཉེར་བྱས་པའི་2023ལོའི་ཀྲུང་ཧྭའི་མདའ་འཕེན་ཞབས་བྲོ་·དམངས་ཡོངས་ལུས་སྦྱོང་གི་བརྗོད་བྱ་གཙོ་བོའི་བྱེད་སྒོ་སྟེ། སྐབས་བརྒྱད་པའི་ཉིང་ཁྲིའི་པི་ཤུའི་འགྲན་བསྡུར་དེ་ཉིང་ཁྲི་གྲོང་ཁྱེར་ཀོང་པོ་རྒྱ་མདའ་རྫོང་མཚོ་མགོ་ཤང་བྱེ་པ་གྲོང་ཚོར་སྤེལ་བ་དང་། འགྲན་བསྡུར་དེ་སྲོལ་རྒྱུན་གྱི་པི་ཤུ་དང་མདའ་གཞས་རྣམ་གྲངས་གཉིས་སུ་དབྱེ་ཡོད། 
     ཤེས་རྟོགས་བྱུང་བར་གཞིགས་ན། སྐབས་འདིའི་འགྲན་བསྡུར་གྱིས་ཉིང་ཁྲིའི་མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་རྣམ་གྲངས་ཀྱི་ཐུན་མོང་མ་ཡིན་པའི་ཡིད་དབང་འཕྲོག་ཤུགས་མངོན་པར་བྱས་ཏེ། བོད་རང་སྐྱོང་ལྗོངས་ཀྱི་ས་མཐོའི་ཁྱད་ལྡན་ལུས་རྩལ་ཡུལ་སྐོར་ཐོན་ལས་གཏོད་པ་དང་། ས་གནས་ཀྱི་ལུས་རྩལ་འགྲན་བསྡུར་བྱེད་སྒོའི་སྤུས་རྟགས་སྐྱེད་སྲིང་བྱས་ནས། མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་མཁོ་ཆས་བཟོ་སྐྲུན་ལས་རིགས་ལ་སྐུལ་འདེད་གཏོང་བ་དང་། མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་སྲུང་སྐྱོབ་དང་རྒྱུན་འཛིན་དར་སྤེལ་བཏང་སྟེ་བོད་རང་སྐྱོང་ལྗོངས་ཀྱི་ལུས་རྩལ་དང་། ཡུལ་སྐོར། རིག་གནས་བཅས་མཉམ་འདྲེས་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་བར་དགེ་མཚན་ལྡན་པའི་དོན་སྙིང་ལྡན་ཡོད། 
༄༅།།སྐབས་བརྒྱད་པའི་ཉིང་ཁྲིའི་པི་ཤུའི་འགྲན་བསྡུར་འགོ་ཚུགས།
༄༅།།སྐབས་བརྒྱད་པའི་ཉིང་ཁྲིའི་པི་ཤུའི་འགྲན་བསྡུར་འགོ་ཚུགས།