འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།རྒྱལ་ཁབ་འདི་གཉིས་བར་འབྲེལ་བ་གཅོད་སྲིད། 

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 11ཚེས་20ཉིན། 14:32】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     ཐུར་ཁེའི་ཕྱི་འབྲེལ་པུའུ་ཀྲང་ཧ་ཁན་·ཧྥེ་ཏན་གྱིས། ཐུར་ཁེ་ཡིས་དབྱི་སི་རལ་དང་ཕྱི་འབྲེལ་གྱི་འབྲེལ་བ་གཅོད་སྲིད། འོན་ཀྱང་ཕན་འབྲས་སྔར་ལས་ཆེ་བ་ཐོན་པར་བྱེད་ཕྱིར་ཐག་གཅོད་འདི་ངེས་པར་དུ་རྒྱལ་ཁབ་མང་པོས་དུས་གཅིག་ཏུ་བྱེད་དགོས་ཞེས་བཤད་པ་རེད། 
     ཨུ་རུ་སུའི་སྲུང་སྐར་གསར་འགྱུར་ཁང་གིས་ཚེས་19ཉིན་གནས་འཕྲིན་སྤེལ་བར་གཞིགས་ན། ཧྥེ་ཏན་གྱིས་ཉིན་དེར་ཁ་ཐར་ཕྱེད་གླིང་བརྙན་འཕྲིན་ལས་ཁུངས་ཀྱི་བཅར་འདྲི་དང་ལེན་བྱེད་སྐབས་གོང་གསལ་གྱི་རྣམ་འགྱུར་བསྟན་པ་རེད། ཧྥེ་ཏན་གྱིས་རེས་སྐོར་གསར་པའི་ཕ་དབྱི་གདོང་གཏུག་ཟླ་གོང་མའི་ཚེས་7ཉིན་ལངས་པ་ནས་བཟུང་། ཐུར་ཁེ་ཡིས་རྩ་དོན་གྱི་ལངས་ཕྱོགས་ཤིག་མཐའ་འཁྱོངས་བྱས་པ་ནི་འབྲེལ་ཡོད་ཐག་གཅོད་འདི་ངེས་པར་དུ་དབྱི་སི་ལན་རྒྱལ་ཁབ་མང་པོའམ་ཡང་ན་གོ་ལ་ཧྲིལ་པོའི་རྒྱལ་ཁབ་མང་པོས་“ལྷན་གཅིག་ཏུ་”བཅད་ནས་ནུས་ལྡན་གྱི་ཕན་འབྲས་སྔར་ལས་ཆེ་བ་ཐོན་པར་བྱེད་དགོས་པ་འདི་རེད། ཐུར་ཁེ་ལ་མཚོན་ནས་བཤད་ན། དབྱི་སི་རལ་དང་འབྲེལ་ཐག་གཅོད་པ་ནི་གནད་འགག་ཅིག་མིན་མོད། འོན་ཀྱང་ཉེ་ལམ་དོ་སྣང་བྱེད་ས་འདིའི་ཕྱོགས་སུ་འཇོག་དགོས་དོན་མེད་ཅེས་བཤད།
     དེའི་གོང་ལ། ཐུར་ཁེའི་ཙུང་ཐུང་ལེ་ཅེ་ཕུའུ་·ཐ་དབྱི་ཕུའུ་·ཨེར་ཏུའོ་ཨན་གྱིས་ཚེས་18ཉིན་སྨྱན་སྦྱོར་གསར་འགོད་པར། ཕ་དབྱི་ཡིས་ཅ་ཧྲ་ས་ཁུལ་དུ་དམག་མཚམས་འཇོག་རྒྱུའི་གྲོས་མཐུན་བཞག་ཚེ། ཐུར་ཁེ་ཅ་ཧྲ་ས་ཁུལ་བསྐྱར་སྐྲུན་ནང་ཞུགས་རྒྱུ་ཡིན་ལ། དེའི་ནང་སློབ་གྲྭ་དང་སྨན་ཁང་། ཆུ་མཁོ་འདོན་དང་ནུས་ཁུངས་སྒྲིག་བཀོད་སོགས་ཚུད་ཡོད་ལུགས་བཤད།