འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།ལི་ཆང་གིས་ཞིང་ནང་ཆུ་བེད་དང་ཚད་གཞི་མཐོ་བའི་ས་ཞིང་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་ཐད་མཆན་བཀོད་མཛུབ་སྟོན་གལ་ཆེན་གནང་བ།

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 11ཚེས་20ཉིན། 11:22】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     ■ ཞིང་ནང་ཆུ་བེད་དང་ཚད་གཞི་མཐོ་བའི་ས་ཞིང་འཛུགས་སྐྲུན་ལ་སྐུལ་འདེད་ཤུགས་ཆེན་བཏང་སྟེ་རྒྱལ་ཁབ་ཀྱི་འབྲུ་རིགས་བདེ་འཇགས་འགན་ལེན་བྱ་ཆེད་རྨང་གཞི་བརྟན་པོ་འདིང་དགོས།
     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་11ཚེས་17ཉིན་གློག་འཕྲིན་འབྱོར་གསལ། ཟླ་11ཚེས་17ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རྒྱལ་ཡོངས་ཀྱི་དགུན་དཔྱིད་ཞིང་ནང་ཆུ་བེད་དང་ཚད་གཞི་མཐོ་བའི་ས་ཞིང་འཛུགས་སྐྲུན་གྱི་བརྙན་འཕྲིན་ཁ་པར་ཚོགས་འདུ་འཚོགས་པ་རེད། ཉིན་ཤས་གོང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་གིས་ཞིང་ནང་ཆུ་བེད་དང་ཚད་གཞི་མཐོ་བའི་ས་ཞིང་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་ཐད་མཆན་བཀོད་མཛུབ་སྟོན་གལ་ཆེན་གནང་བ་རེད། མཆན་བཀོད་མཛུབ་སྟོན་ནང་། ས་ཞིང་འཛུགས་སྐྲུན་ནི་ཁྱོན་ཡོངས་ནས་འབྲུ་རིགས་བདེ་འཇགས་ཀྱི་རྨང་གཞི་བརྟན་དུ་གཏོང་བའི་འགག་རྩའི་བྱ་ཐབས་ཤིག་རེད། ཉེ་བའི་ལོ་ཤས་རིང་། ས་ཁུལ་ཁག་དང་འབྲེལ་ཡོད་སྡེ་ཚན་ཁག་གིས་ཐུན་མོང་ཐོག་འབད་བརྩོན་བྱེད་པ་དང་། ཞིང་ནང་ཆུ་བེད་ཀྱི་ལས་དོན་ལ་སྐུལ་འདེད་ཏན་ཏིག་གཏོང་བ། ཚད་གཞི་མཐོ་བའི་ས་ཞིང་བརྟན་པོའི་ངང་འཛུགས་སྐྲུན་མགྱོགས་པོ་བྱེད་པ་བཅས་བྱས་ནས་འབྲུ་རིགས་དང་ཞིང་ལས་ཐོན་རྫས་གལ་ཆེན་བརྟན་པོ་དང་བདེ་འཇགས་ངང་མཁོ་འདོན་ཐུབ་རྒྱུར་ནུས་པ་གལ་ཆེན་བཏོན་ཡོད། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱེད་པ་མཐའ་འཁྱོངས་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་གཏིང་ཟབ་བྱེད་པ། རྨོ་ཞིང་སྲུང་སྐྱོང་དང་འབྲུ་རིགས་བདེ་འཇགས་ཀྱི་ཏང་སྲིད་འགན་འཁྲི་མཉམ་འཁུར་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་པ་དང་། ཞིང་བརྟེན་འབྲུ་གསོག་དང་རྩལ་བརྟེན་འབྲུ་གསོག་མཐའ་འཁྱོངས་བྱེད་པ། ཞིང་ནང་ཆུ་བེད་དང་ཚད་གཞི་མཐོ་བའི་ས་ཞིང་འཛུགས་སྐྲུན་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ། ནོར་སྲིད་ཀྱི་མ་དངུལ་འགན་ལེན་བྱེད་ཤུགས་ཆེ་རུ་གཏོང་བ། སྣ་མང་ཅན་གྱི་མ་འཇོག་ཐབས་ལམ་རྒྱ་ཆེར་གཏོང་བ། ལས་གྲྭའི་སྤུས་ཚད་དང་བདེ་འཇགས་ལྟ་སྐུལ་མ་ལག་འཐུས་སྒོ་ཚང་དུ་གཏོང་བ། ཞིང་ལས་ཀྱི་གེགས་འགོག་གེགས་སེལ་བྱེད་ནུས་ཆེ་རུ་གཏོང་བ་དང་། ཞིང་པ་མང་ཚོགས་དང་སྤྱི་ཚོགས་ཀྱི་སྟོབས་ཤུགས་ཞུགས་པའི་ཧུར་སེམས་སྐུལ་སློང་གང་ལེགས་བྱེད་པ། སེམས་ནུས་གཅིག་སྒྲིལ་གྱིས་འཛུགས་སྐྲུན་ལས་འགན་ཁག་ལེགས་འགྲུབ་བྱེད་པ། རྨོ་ཞིང་གི་སྤུས་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་བ་བཅས་བྱས་ཏེ། རྒྱལ་ཁབ་ཀྱི་འབྲུ་རིགས་བདེ་འཇགས་ཡོང་བར་འགན་ལེན་དང་། ཞིང་ལས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་གང་མགྱོགས་བྱེད་པར་རྨང་གཞི་བརྟན་པོ་གདིང་དགོས་ཞེས་བསྟན་ཡོད།
     ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ལིའུ་གོ་ཀྲུང་ཚོགས་འདུར་ཕེབས་པ་དང་གསུང་བཤད་གནང་བ་རེད། ཁོང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཙུང་ལི་ལི་ཆང་གི་བླང་བྱ་དོན་འཁྱོལ་བྱས་ཏེ། དེ་བས་ནུས་ལྡན་གྱི་བྱ་ཐབས་དང་དེ་བས་ནུས་ལྡན་གྱི་བྱ་སྤྱོད་ཐོག་ནས་ཞིང་ནང་ཆུ་བེད་དང་ཚད་གཞི་མཐོ་བའི་ས་ཞིང་འཛུགས་སྐྲུན་ལ་དམ་འཛིན་ཏན་ཏིག་བྱས་ནས་རྒྱལ་ཁབ་ཀྱི་འབྲུ་རིགས་བདེ་འཇགས་འགན་ལེན་དང་ཞིང་ལས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་བྱེད་མགྱོགས་སུ་གཏོང་བའི་རྨང་གཞིའི་འདེགས་སྐྱོར་བརྟན་དུ་གཏོང་དགོས་ཞེས་ནན་བཤད་གནང་བ་རེད།
     ལིའུ་གོ་ཀྲུང་གིས་ཡུན་རིང་གི་གཞི་རྩའི་ས་ཞིང་ཚང་མ་རིམ་བཞིན་ཚད་གཞི་མཐོ་བའི་ས་ཞིང་ལ་བསྐྲུན་པའི་བཀོད་སྒྲིག་བླང་བྱ་གཞིར་བཟུང་དངོས་ཐོག་བདེན་འཚོལ་གྱི་སྒོ་ནས་འཛུགས་སྐྲུན་ཁྱབ་ཁོངས་དང་སྔོན་ཐོབ་རིམ་པ་གཏན་འཁེལ་བྱེད་པ་དང་། ལོ་འཁོར་གྱི་འཛུགས་སྐྲུན་ལས་འགན་བཀོད་སྒྲིག་ལུགས་མཐུན་བྱེད་པ། གྲོང་ཚོའི་མཉམ་སྡེབ་དང་ཞིང་པ་འཛུགས་སྐྲུན་དང་དོ་དམ་སྲུང་སྐྱོང་ནང་ཞུགས་པའི་སྐུལ་སློང་བྱེད་པ། ལྟ་འདོམས་དང་ཞིབ་བཤེར་རྩིས་ལེན་གྱི་སྤུས་ཚད་འགག་སྒོ་ནན་པོ་སྲུང་བ་བཅས་བྱས་ནས་མུའུ་གཅིག་བསྐྲུན་ན་མུའུ་གཅིག་གྲུབ་པའི་འགན་ལེན་བྱེད་དགོས། ཞིང་ཆུ་འདྲེན་ཁུལ་གསར་འཛུགས་དང་བསྒྱུར་བཀོད་ལ་ཤུགས་སྣོན་རྒྱག་དགོས་ཤིང་། ཞིང་ཁའི་ཆུ་བེད་སྒྲིག་བཀོད་ཆུང་གྲས་ཉམས་གསོ་དང་བདག་སྐྱོང་བྱེད་པར་དམ་འཛིན་ཡག་པོ་བྱས་ནས། ཆུ་གྲོན་ཆུང་གི་ཞིང་ཆུ་འདྲེན་ཚུལ་འཕེལ་རྒྱས་ཤུགས་ཆེན་གཏོང་དགོས། བ་ཚྭའི་ས་ཞིང་་ཕྱོགས་བསྡུས་བསྒྱུར་བཀོད་དང་བེད་སྤྱོད་ལ་སྤྱི་འདོམས་སྐུལ་འདེད་བཏང་ནས་རྒྱལ་ཡོངས་ཀྱི་ས་རྒྱུ་ཡོངས་བཤེར་ཐེངས་གསུམ་པའི་ལས་དོན་ལེགས་པོ་སྒྲུབ་དགོས་ཞེས་ནན་བཤད་གནང་བ་རེད།
     (པ་ཕན་གྱིས་བསྒྱུར། སྤེན་ཚེ་དང་པ་ཕན་གྱིས་ཞུས)