འཚོལ་བཤེར།   
藏文频道
2023ལོའི་ཟླ་11ཚེས་20ཉིན།

༄༅།།ཀྲུང་ཨའི་གཙོ་བདག་གི་ཞལ་འཛོམས་མཇུག་འགྲིལ་བ་དང་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་
དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་འགོ་ཁྲིད་པའི་དངོས་གཞི་མིན་པའི་ཚོགས་འདུ་
ཐེངས་སུམ་ཅུ་པར་ཞུགས་རྗེས། ཞི་ཅིན་ཕིང་པེ་ཅིང་དུ་ལོག་ཕེབས་པ།

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 11ཚེས་20ཉིན། 11:20】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་11ཚེས་18ཉིན་གློག་འཕྲིན་འབྱོར་གསལ། ཟླ་11ཚེས་18ཉིན་གྱི་དགོང་མོ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཅིའུ་ཅིན་ཧྲན་དུ་ཀྲུང་ཨའི་གཙོ་བདག་གི་ཞལ་འཛོམས་གནང་བ་དང་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་འགོ་ཁྲིད་པའི་དངོས་གཞི་མིན་པའི་ཚོགས་འདུ་ཐེངས་སུམ་ཅུ་པར་ཞུགས་རྗེས་ཆེད་གཏོང་གནམ་གྲུར་བཞུགས་ནས་པེ་ཅིང་དུ་ལོག་ཕེབས་པ་རེད།
     ས་གནས་དེ་གའི་དུས་ཚོད་ཟླ་11ཚེས་17ཉིན་གྱི་ཕྱི་དྲོར། ཞི་ཅིན་ཕིང་ཅིའུ་ཅིན་ཧྲན་ནས་ཞལ་གྱེས་སྐབས་ཅིའུ་ཅིན་ཧྲན་གྱི་ཧྲི་ཀྲང་པུའུ་ལི་ཏེ་སོགས་ཨ་རི་ཕྱོགས་ཀྱི་འཐུས་ཚབ་གནམ་ཐང་དུ་ཕེབས་སྐྱེལ་ཞུ་བར་བཅར་བ་རེད།
     གནམ་ཐང་དུ་ཕེབས་པའི་ལམ་བར་དུ་ཕྱི་ཁོངས་ཀྲུང་གོ་བ་དང་ཕྱིར་སྡོད་རང་མི་དང་ཀྲུང་གོའི་ཕྱི་སྦྱོང་སློབ་མའི་འཐུས་མིས་འགྲོ་ལམ་གྱི་གཞོགས་གཉིས་སུ་འཛོམས་ནས་ཀྲུང་ཨ་རྒྱལ་ཁབ་གཉིས་ཀྱི་རྒྱལ་དར་གཡུག་གཡུག་བྱེད་པ་དང་། ཀྲུའུ་ཞི་ཞི་ཅིན་ཕིང་ལ་སྤྲོ་སེམས་འཁོལ་པོས་ཕེབས་སྐྱེལ་ཞུས་ནས་འཚམས་འདྲི་ཐུགས་གྲ་ལེགས་འགྲིག་བྱུང་བར་སྨོན་འདུན་ཞུས་པ་རེད།
     ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་ཀྲུང་དབྱང་གཞུང་དོན་ཐིང་གི་ཀྲུའུ་རེན་ཚའེ་ཆི་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་ཕྱི་འབྲེལ་པུའི་པུའུ་ཀྲང་ཝང་དབྱི་སོགས་ལྷན་བཞུགས་མི་སྣ་མཉམ་དུ་གནམ་གྲུར་བསྡད་ནས་ལོག་ཕེབས་པ་རེད།