འཚོལ་བཤེར།   
藏文频道
2023ལོའི་ཟླ་11ཚེས་19ཉིན།

༄༅།།ཞི་ཅིན་ཕིང་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་འགོ་ཁྲིད་པ་དང་མགྲོན་བདག་རྒྱལ་ཁབ་
ཀྱི་སྐུ་མགྲོན་དབར་གྱི་དངོས་གཞི་མིན་པའི་གླེང་མོལ་ཚོགས་འདུ་དང་ལས་ཀའི་དགུང་ཟས་ལ་ཕེབས་པ།

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 11ཚེས་19ཉིན། 13:25】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
འདི་ནི་ས་གནས་དེ་གའི་དུས་ཚོད་ཟླ་11ཚེས་16ཉིན་གྱི་ཉིན་དགུང་། ཅིའུ་ཅིན་ཧྲན་དུ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་འགོ་ཁྲིད་པ་དང་མགྲོན་བདག་རྒྱལ་ཁབ་ཀྱི་སྐུ་མགྲོན་དབར་གྱི་དངོས་གཞི་མིན་པའི་གླེང་མོལ་ཚོགས་འདུ་དང་ལས་ཀའི་དགུང་ཟས་ལ་ཕེབས་པའི་གནས་ཚུལ་ཡིན་པ།
འདི་ནི་ས་གནས་དེ་གའི་དུས་ཚོད་ཟླ་11ཚེས་16ཉིན་གྱི་ཉིན་དགུང་། ཅིའུ་ཅིན་ཧྲན་དུ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་འགོ་ཁྲིད་པ་དང་མགྲོན་བདག་རྒྱལ་ཁབ་ཀྱི་སྐུ་མགྲོན་དབར་གྱི་དངོས་གཞི་མིན་པའི་གླེང་མོལ་ཚོགས་འདུ་དང་ལས་ཀའི་དགུང་ཟས་ལ་ཕེབས་པའི་གནས་ཚུལ་ཡིན་པ།
    ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ཅིའུ་ཅིན་ཧྲན་ནས་ཟླ་11ཚེས་16ཉིན་གློག་འཕྲིན་འབྱོར་གསལ། ས་གནས་དེ་གའི་དུས་ཚོད་ཟླ་11ཚེས་16ཉིན་གྱི་ཉིན་དགུང་། ཅིའུ་ཅིན་ཧྲན་དུ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་འགོ་ཁྲིད་པ་དང་མགྲོན་བདག་རྒྱལ་ཁབ་ཀྱི་སྐུ་མགྲོན་དབར་གྱི་དངོས་གཞི་མིན་པའི་གླེང་མོལ་ཚོགས་འདུ་དང་ལས་ཀའི་དགུང་ཟས་ལ་ཕེབས་པ་རེད།
    ཞི་ཅིན་ཕིང་གིས་གསུངས་དོན། རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ནི་མིག་སྔའི་གོ་ལ་ཧྲིལ་པོའི་རང་བཞིན་གྱི་གནད་དོན་ཐག་གཅོད་བྱེད་པའི“གསེར་གྱི་ལྡེ་མིག”ལྟ་བུ་རེད། ཉེ་བའི་ལོ་ཤས་རིང་། ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱིས་2040ལོའི་པུ་ཐེ་ལ་ཅ་ཡའི་ཕུགས་འདུན་དོན་འཁྱོལ་གཏིང་ཟབ་དང《སྐྱེ་དངོས་འཁོར་རྒྱུག་གི་ལྗང་མདོག་དཔལ་འབྱོར་གྱི་པང་ཁོག་གི་དམིགས་ཚད》ལག་བསྟར་ཤུགས་ཆེན་བྱས་ཏེ། གོ་ལ་ཧྲིལ་པོའི་ལྗང་མདོག་དང་རྒྱུན་མཐུད་ཆོག་པའི་དཔལ་འབྱོར་འཕར་བར་ལེགས་སྐྱེས་ཧུར་ཐག་ཕུལ་ཡོད། མིག་སྔའི་དུས་བབ་འོག་ང་ཚོས་ཐུན་མོང་གི་ངོས་འཛིན་སྔར་བས་གཅིག་སྒྲིལ་དང་བྱ་སྤྱོད་ལ་དམ་པོར་དམིགས་ནས་གོ་ལ་ཧྲིལ་པོའི་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ཀྱི་བྱ་གཞག་ཆེད་སྒུལ་ཤུགས་དེ་བས་ཆེ་བ་སྣོན་དགོས།
   གཅིག་ནི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་2030ལོའི་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ཀྱི་གྲོས་རིམ་དོན་འཁྱོལ་བྱེད་མགྱོགས་སུ་གཏོང་དགོས། འཕེལ་རྒྱས་གཏོང་རྒྱུ་དེ་གོ་ལ་ཧྲིལ་པོའི་གྲོས་རིམ་གྱི་ལྟེ་བའི་གནས་བབ་ཏུ་བརྟན་པོར་བཞག་ནས། མི་ཚང་མས་འཕེལ་རྒྱས་ལ་མཐོང་ཆེན་དང་རྒྱལ་ཁབ་ཁག་གིས་ཐུན་མོང་ཐོག་མཉམ་ལས་བྱེད་པའི་ཆབ་སྲིད་ཀྱི་ཐུན་མོང་ངོས་འཛིན་གཏོད་དགོས། ཀྲུང་གོ་ཕྱོགས་ཀྱིས་གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་གྲོས་འགོ་བཏོན་ནས་རྒྱལ་སྤྱིའི་སྤྱི་ཚོགས་ལ་མཉམ་ཤུགས་ཆགས་པ་དང་འཕེལ་རྒྱས་ཀྱི་མཚལ་ཡིག་ཐག་གཅོད་བྱེད་པར་སྐུལ་འདེད་གཏོང་ཆེད་འབད་བརྩོན་ཧུར་ཐག་བྱས་ཡོད།
    གཉིས་ནི་ལྗང་མདོག་འཕེལ་རྒྱས་ཀྱི་ཕྱོགས་སྒྱུར་ཐབས་ལམ་གསར་པ་གཏོད་དགོས། ནུས་རྒྱུ་དང་། ཐོན་ལས། འགྲིམ་འགྲུལ་སྐྱེལ་འདྲེན་བཅས་ཀྱི་གྲུབ་ཆ་ཕྱོགས་སྒྱུར་རིམ་སྤོར་ལ་སྐུལ་འདེད་བཏང་ནས་ཐཱན་ཉུང་གཏོང་དང་། སྦགས་བཙོག་ཉུང་གཏོང་། སྔོ་ཁེབས་རྒྱ་སྐྱེད་དང་འཕར་སྣོན་བཅས་ལ་མཐུན་སྦྱོར་ངང་སྐུལ་འདེད་གཏོང་བ་དང་། ངལ་རྩོལ་ནུས་ཤུགས་དྲང་གཞག་ཕྱོགས་སྒྱུར་དང་སྤུས་ཚད་མཐོ་བའི་ལས་ཞུགས་ལ་གཅིག་འདོམས་སྐུལ་འདེད་བཏང་ནས། དཔལ་འབྱོར་དང་ཁོར་ཡུག་མཐུན་སྦྱོར་མཉམ་འཕེལ་གྱི་སའི་གོ་ལའི་ཁྱིམ་གཞིས་སྐྲུན་དགོས།
   གསུམ་ནི་གོ་ལ་ཧྲིལ་པོའི་གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་པའི་མཉམ་ཤུགས་གཅིག་ཏུ་སྒྲིལ་དགོས། གོ་ལ་ཧྲིལ་པོའི་གནམ་གཤིས་བཅོས་སྐྱོང་ཁྲོད《མཉམ་འབྲེལ་རྒྱལ་ཚོགས་ཀྱི་གནམ་གཤིས་འགྱུར་ལྡོག་གི་སྒྲོམ་གཞིའི་སྤྱི་ཆིངས》ཀྱི་ཐབས་ལམ་གཙོ་བོའི་གནས་བབ་ལ་སྲུང་སྐྱོང་བྱས་ནས། ཐུན་མོང་ཡིན་ཡང་ཁྱད་པར་ཡོད་པའི་འགན་འཁྲིའི་རྩ་དོན་མཐའ་འཁྱོངས་ཀྱིས་རང་སོ་སོའི་རྒྱལ་བབ་དང་ཟུང་འབྲེལ་བྱས་ཏེ་ཚན་རིག་དང་མཐུན་པའི་སྒོ་ནས་གནམ་གཤིས་ཀྱི་དམིགས་ཚད་བཟོ་དགོས། འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་མ་དངུལ་དང་ནུས་པ་འཛུགས་སྐྱོང་དང་ལག་རྩལ་བརྒྱུད་བཤུག་ཐད་ཀྱི་དོ་ཁུར་ཐག་གཅོད་ཡག་པོ་བྱས་ཏེ། 《སྤྱི་ཆིངས》དང《ཕ་རི་སིའི་གྲོས་ཆོད》ཕྱོགས་ཡོངས་ནས་དོན་འཁྱོལ་ནུས་ལྡན་ཡོང་བར་སྐུལ་འདེད་གཏོང་དགོས།
    ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཀྲུང་གོས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་གཏིང་ཟབ་བྱས་ནས་དཔལ་འབྱོར་དང་སྤྱི་ཚོགས་ཕྱོགས་ཡོངས་ནས་ལྗང་མདོག་དང་ཐཱན་ཉུང་གི་ཕྱོགས་སྒྱུར་ལ་སྐུལ་འདེད་བཏང་སྟེ། མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཀྱི་སའི་གོ་ལའི་ཁྱིམ་གཞིས་སྐྲུན་ཆེད་ཀྲུང་གོའི་ལེགས་སྐྱེས་མུ་མཐུད་འབུལ་བཞིན་ཡོད། ཀྲུང་གོས་ལྗང་མདོག་གི“རྒྱུད་གཅིག་ལམ་གཅིག”བསྐྲུན་པར་སྐུལ་འདེད་བཏང་ནས་ལྗང་མདོག་གི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་། ལྗང་མདོག་གི་ནུས་རྒྱུ། ལྗང་མདོག་གི་འགྲིམ་འགྲུལ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་མུ་མཐུད་ཟབ་ཏུ་བཏང་སྟེ། གནམ་གཤིས་ཀྱི་འགྱུར་ལྡོག་ལ་ཁ་གཏད་གཅོག་པའི་ལྷོ་ལྷོ་མཉམ་ལས་ཀྱི་ཆེད་དོན་མ་དངུལ་ལ་བརྟེན་ནས་རྒྱ་ཆེའི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ནུས་པ་འཛུགས་སྐྱོང་ལ་རྒྱབ་སྐྱོར་བྱེད་ཀྱི་ཡིན། དེས་མ་ཟད་ཀྲུང་གོས་ཕྱོགས་ཁག་དང་ལག་གདང་སྦྲེལ་ནས་འབད་བརྩོན་བྱས་ཏེ་གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་གཅིག་མཐུན་འདུས་གྲུབ་གཏོད་པ་དང་དྭངས་གཙང་དང་མཛེས་སྡུག་ལྡན་པའི་འཛམ་གླིང་སྐྲུན་ཆེད་ལེགས་སྐྱེས་སྔར་བས་ཆེ་བ་འབུལ་འདོད་ཡོད།