འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།ཨུ་རུ་སུས་འཆར་གཞི་འདི་ཁྱབ་བསྒྲགས་བྱས་འདུག 

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 11ཚེས་17ཉིན། 14:04】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     ཚེས་15ཉིན། འཇིག་རྟེན་འཕུར་སྐྱོད་འཕྲུལ་ཆས་བཟོ་སྐྲུན་ཚོང་པ་ཨུ་རུ་སུའི་ནུས་ཁུངས་མེ་ཤུགས་འཕུར་མདའ་བར་སྣང་ཀུང་སིས། ཨུ་རུ་སུ་ལ་2031ལོ་ནས་2040ལོའི་བར་འཇིག་རྟེན་འཕུར་སྐྱོད་པ་ཟླ་བའི་གོ་ལའི་ཐོག་སྐྱེལ་རྒྱུའི་འཆར་གཞི་ཡོད་ལ། དེ་ནི་རྒྱལ་ཁབ་དེའི་ལོ་རྒྱུས་ཐོག་ཐེངས་དང་པོ་ཡིན་ཞེས་བཤད། 
     ཐ་སི་གསར་འགྱུར་ཁང་གིས་ཚེས་15ཉིན་གནས་འཕྲིན་སྤེལ་བར་གཞིགས་ན། ཨུ་རུ་སུའི་ནུས་ཁུངས་མེ་ཤུགས་འཕུར་མདའ་བར་སྣང་ཀུང་སིའི་སྤྱི་ཁྱབ་ཇུས་འགོད་པ་ཧྥུ་ལ་ཅི་མེ་ཨར་·སོ་ལོ་ཝེ་ཡུའེ་ཧྥུས་བཏོན་པའི་ཟླ་བའི་གོ་ལར་རྟོག་ཞིབ་ཚད་ལེན་བྱེད་པའི་ལམ་ཕྱོགས་རི་མོའི་འཆར་ཟིན་ལ་གཞིགས་ན། ཨུ་རུ་སུས་མི་བཞུགས་ཟླ་བའི་གོ་ལར་འཛེགས་པའི་ལས་འགན་ལག་བསྟར་བྱ་རྒྱུའི་འཆར་གཞི་འགོད་བཞིན་ཡོད་ལ། དེ་ནི་ཨུ་རུ་སུའི་འཇིག་རྟེན་འཕུར་སྐྱོད་པ་ཟླ་བའི་གོ་ལར་འཛེགས་ཐེངས་དང་པོ་རེད།
     ཐ་སི་གསར་འགྱུར་ཁང་གིས་ལམ་ཐིག་རི་མོ་དེའི་འཆར་ཟིན་ལུང་དྲངས་ནས་གནས་འཕྲིན་སྤེལ་བར་གཞིགས་ན། ཨུ་རུ་སུས་2031ལོ་ནས་2040ལོའི་བར་འཇིག་རྟེན་འཕུར་སྐྱོད་པ་ཟླ་བའི་གོ་ལའི་ཐོག་སྐྱེལ་རྒྱུའི་འཆར་གཞི་ཡོད་པ་དང་། 2041ལོ་ནས་2050ལོའི་བར་ཟླ་བའི་གོ་ལའི་རྟེན་གཞི་འཛུགས་སྐྲུན་བྱ་རྒྱུའི་འཆར་གཞི་ཡོད། ལམ་ཐིག་རི་མོས་ཟླ་བའི་གོ་ལའི་སྟེང་གི་ཨུ་རུ་སུའི་“དགེ་མཚན་ལྡན་པའི་གོ་གནས་”ལ་ཤུགས་སྣོན་རྒྱག་དགོས་པ་ནན་བཤད་བྱས་ཡོད།