འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།ལག་ཁྱེར་འདི་མི་དགོས་པ་བྱས་འདུག 

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 11ཚེས་16ཉིན། 16:24】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     ཁེ་རི་པ་སིར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེན་མོ་ཁང་གིས་ཚེས་15ཉིན་ཆ་འཕྲིན་སྤེལ་ནས། ཁེ་རི་པ་སི་ཡིས་ཀྲུང་གོར་འཐུས་མཆན་འགོད་མི་དགོས་པར་རྒྱལ་ཁོངས་སུ་ཡོང་ཆོག་པའི་སྲིད་ཇུས་དངོས་སུ་དོན་འཁྱོལ་བྱས་ནས་ནུས་པ་ཐོན་ཡོད། 
     དེ་རིང་ནས་བཟུང་ཕྱི་འབྲེལ་དང་། གཞུང་དོན། སྤྱིར་བཏང་གི་ཕྱིར་སྐྱོད་ལག་ཁྱེར་(གོ་ཆོད་པའི་དུས་ཡུན་ཟླ་6ཡན་ཡིན)བཟུང་ནས་ཁེ་རི་པ་སིར་ཡུལ་སྐོར་དང་། དུས་ཐུང་འཚམས་འདྲི་བྱེད་པར་སྐྱོད་མཁན་གྱི་ཀྲུང་གོའི་སྤྱི་དམངས་རྒྱལ་ཁོངས་སུ་འཐུས་མཆན་འགོད་མི་དགོས་པར་ཡོང་ཆོག་པ་དང་། རྒྱལ་མཚམས་བརྒལ་ནས་འགྲོ་ཆོག ཟླ་12རེར་རིམ་རྩིས་བྱས་ན་ཁེ་རི་པ་སིར་སྡོད་པའི་ཉིན་90ལས་བརྒལ་མི་ཆོག གལ་ཏེ་ཐེངས་གཅིག་ལ་ཁེ་རི་པ་སིར་སྡོད་པའི་ཉིན་སུམ་ཅུ་ལས་བརྒལ་ན། ཁེ་རི་པ་སིའི་གནས་སྤོས་ཡུལ་མི་ཅུས་ལ་སྡོད་ཡུན་རིང་དུ་གཏོང་རྒྱུའི་རེ་འདུན་ཞུ་དགོས་པ་དང་། དུས་ཡུན་རིང་ཤོས་ལ་ཉིན་དྲུག་ཅུ་ཕྱིར་འགྱངས་བྱ་ཆོག ཁེ་རི་པ་སིར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེན་མོ་ཁང་གིས། མིག་སྔར་ཁེ་རི་པ་སི་ཡིས་ཀྲུང་གོར་འཐུས་མཆན་འགོད་མི་དགོས་པའི་སྲིད་ཇུས་དེ་ཁེ་རི་པ་སིར་ཡུལ་སྐོར་དང་དུས་ཐུང་འཚམས་འདྲི་བྱེད་པར་སྐྱོད་མཁན་གྱི་ཀྲུང་གོའི་སྤྱི་དམངས་ཁོ་ནར་སྤྱོད་གོ་ཆོད་པའི་དྲན་སྐུལ་བྱས་པ་རེད། ཁེ་རི་པ་སིར་ལས་ཀ་དང་། མ་དངུལ་འཇོག་པ། སློབ་སྦྱོང་། ཞིབ་འཇུག་བྱེད་པར་སྐྱོད་པའི་ཀྲུང་གོའི་སྤྱི་དམངས་ཀྱིས་སྔོན་ཚུད་ནས་བབ་མཚུངས་ཀྱི་འཐུས་མཆན་འགོད་པའི་ལག་ཁྱེར་རེ་ཞུ་བྱ་དགོས་པ་དང་། ཆོག་མཆན་མ་ཐོབ་པར་ཁེ་རི་པ་སིར་གོང་གསལ་བྱེད་སྒོ་སྤེལ་བར་ཆད་པ་གཅོད་རྒྱུ་རེད། 
     རེ་ཞུ་བྱེད་མཁན་གྱིས་ཁེ་རི་པ་སིའི་གནས་སྤོས་ཡུལ་མི་ཅུས་ཀྱི་གཞུང་ཕྱོགས་དྲ་ཚིགས་(https://www.mfa.gov.ki/immigration)ནས་འབྲེལ་ཡོད་རེ་ཞུའི་བརྒྱུད་རིམ་དང་རེའུ་མིག་འདྲི་རྩད་བྱེད་ཆོག་པ་དང་། ཡང་ན་ཁེ་རི་པ་སིའི་གནས་སྤོས་ཡུལ་མི་ཅུས་ཀྱི་འཐུས་མཆན་འགོད་པའི་དཔོན་རིགས་ལ་འབྲེལ་གཏུག་བྱས་ནས་བློ་འདྲིའི་ལས་སྒོ་སྤེལ་ཆོག (aio3@mfa.gov.ki)