འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།རྒྱལ་ཁབ་མང་པོ་དང་མཉམ་འབྲེལ་དམག་སྦྱོང་བྱེད་འགོ་ཚུཊ།

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 11ཚེས་16ཉིན། 14:45】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     ཟླ་11ཚེས་13ཉིན་གྱི་སྔ་དྲོར། “2023ལོའི་ཞི་བདེའི་མཛའ་གྲོགས”ཀྱི་རྒྱལ་ཁབ་མང་པོའི་མཉམ་འབྲེལ་དམག་སྦྱོང་ཀོང་ཏུང་ཀྲན་ཅང་དུ་འགོ་ཚུགས་ཤིང་། ཀྲུང་གོ་དང་ཁམ་ཕུ་ཁྲེ། ལོ་སི། མ་ལེ་ཞི་ཡ། ཐེ་ལན། ཝེ་ཐེ་ནམ་བཅས་རྒྱལ་ཁབ་6ནས་ཡོང་བའི་དམག་སྦྱོང་ནང་ཞུགས་མཁན་གྱི་དཔོན་དམག་འགོ་ཚུགས་མཛད་སྒོར་ཞུགས་པ་རེད། 
     ད་ཐེངས་ཀྱི་རྒྱལ་ཁབ་མང་པོའི་མཉམ་འབྲེལ་དམག་སྦྱོང་ནང་ཁྱོན་རྒྱལ་ཁབ་ཕྱི་ནང་གི་དཔོན་དམག་3000ལྷག་ཙམ་ཞུགས་པ་དང་། ཚེས་22ཉིན་བར་རྒྱུན་མཐུད་རྒྱུ་རེད། ཀྲུང་གོ་ཕྱོགས་ཀྱི་དམག་སྦྱོང་ནང་ཞུགས་མཁན་དམག་ཤུགས་དེ་ལྷོ་རྒྱུད་འཐབ་ཁུལ་གྱིས་གཙོར་བྱས་པ་དང་། ཕྱོགས་གཞན་དག་ཁག་གིས་སྐམ་འཐབ་ཡན་ལག་རུ་ཁག་དང་ཆུ་ངོས་དམག་གྲུ་ཁག་ཅིག་དམག་སྦྱོང་ནང་ཞུགས་རྒྱུ་རེད། དམག་སྦྱོང་བྱེད་རིང་ད་དུང་ལུས་རྩལ་འགྲན་བསྡུར་དང་། རིག་རྩལ་དགོང་ཚོགས། སྣེ་ལེན་ཚོགས་འདུ་སོགས་སྣ་མང་ཕུན་སུམ་ཚོགས་པའི་རིག་གནས་སྤེལ་རེས་བྱེད་སྒོ་སྤེལ་རྒྱུ་རེད། 
     “2023ལོའི་ཞི་བདེའི་མཛའ་གྲོགས”ཀྱི་རྒྱལ་ཁབ་མང་པོས་མཉམ་འབྲེལ་ཐོག་དམག་སྦྱོང་དེ་“མཉམ་འབྲེལ་ཐོག་འཇིགས་སྐུལ་ལ་ངོ་རྒོལ་དང་མཚོ་ཐོག་གི་བདེ་འཇགས་སྲུང་སྐྱོང་བྱེད་པའི་དམག་དོན་བྱ་སྤྱོད”བརྗོད་གཞིར་བྱས་ཡོད། ཤེས་རྟོགས་བྱུང་བར་གཞིགས་ན། དེ་ནི་ཀྲུང་གོར་དམག་སྦྱོང་རབ་དང་རིམ་པ་ཐེངས་དང་པོ་བྱས་པ་ཞིག་ཡིན་ལ། ཞུགས་མཁན་རྒྱལ་ཁབ་མང་ཤོས་ཀྱི་ཐེངས་ཤིག་ཀྱང་རེད།