འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།རྒྱལ་ཁབ་འདིའི་འདེམས་ཤོག་འཕེན་པའི་དབང་ཆ་སླར་གསོ་བྱས། 

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 11ཚེས་16ཉིན། 14:35】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   ས་གནས་དེ་གའི་དུས་ཚོད་ཟླ་11ཚེས་14ཉིན། མཉམ་འབྲེལ་རྒྱལ་ཚོགས་སུ་བཅའ་སྡོད་ཝེ་ནེ་ཙུའེ་ལའི་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱི་འཐུས་མི་ལུའུ་ཏུར་ཕུའུ་·ཕེ་ལུའེ་སིས་སྤྱི་ཚོགས་འབྲེལ་བའི་སྨྱན་སྦྱོར་བརྒྱུད་དེ། དེ་ཉིན་མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱིས་རྩ་འཛུགས་དེའི་ཝེ་ནེ་ཙུའེ་ལར་འདེམས་ཤོག་འཕེན་པའི་དབང་ཆ་སླར་གསོ་བྱས་ལུགས་བཤད་པ་རེད།
   ཕེ་ལུའེ་སིས། མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱིས་རིན་ཐང་ལྟ་བ་སྲུང་སྐྱོབ་བྱེད་པར་ཝེ་ནེ་ཙུའེ་ལས་རྒྱབ་སྐྱོར་བྱེད་རྒྱུ་ཡིན་ལུགས་དང་། ཝེ་ནེ་ཙུའེ་ལས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱིས་དར་སྤེལ་གཏོང་བའི་རྒྱུན་མཐུད་འཕེལ་རྒྱས་ཀྱི་དམིགས་ཚད་མངོན་འགྱུར་ཡོང་བར་བྱེད་པ་དང་། སྤྱི་ཚོགས་ཀྱི་དངུལ་འཇོག་སྔོན་ལ་འགན་ལེན་བྱེད་པ་སོགས་ཀྱི་ཐད་གྲུབ་འབྲས་ཐོབ་པར་བྱ་རྒྱུ་ཡིན་ཟེར།
   ཉིན་དེར། ཝེ་ནེ་ཙུའེ་ལས་འདེམས་ཤོག་འཕན་དབང་སྤྱད་དེ་ཕ་དབྱི་དབར་དམག་མཚམས་འཇོག་པར་རོགས་སྐྱོར་བྱས།