འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།པོ་ཚི་ཝ་ནའི་ཁུང་ཙི་སློབ་གླིང་གཉིས་པ་བཙུགས་པ།

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 11ཚེས་16ཉིན། 14:03】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ཀ་པོ་རོ་ནེ་ནས་གློག་འཕྲིན་འབྱོར་གསལ། ཉིན་ཤས་གོང་། ཡན་ཧྲན་སློབ་ཆེན་དང་པོ་ཚི་ཝ་ན་རྒྱལ་སྤྱིའི་ཚན་རྩལ་སློབ་ཆེན་གྱིས་མཉམ་དུ་བསྐྲུན་པའི་ཁུང་ཙི་སློབ་གླིང་ཨ་ཧྥེ་རི་ཁའི་ལྷོ་རྒྱུད་རྒྱལ་ཁབ་པོ་ཚི་ཝ་ནར་དངོས་སུ་བཙུགས་པ་རེད།
     ཡན་ཧྲན་སློབ་ཆེན་གྱི་སློབ་སྤྱི་ཀྲའོ་ཏིང་ཞོན་གྱིས་སྒོ་བྱང་གི་ཡོལ་ཁེབས་ཕྱེ་བའི་མཛད་སྒོའི་ཐོག པོ་ཚི་ཝ་ན་རྒྱལ་སྤྱིའི་ཚན་རྩལ་སློབ་ཆེན་གྱི་ཁུང་ཙི་སློབ་གླིང་བཙུགས་རྗེས། སློབ་ཆེན་གཉིས་ཀྱི་རིག་ཚན་གྱི་ཁྱད་ཆོས་དང་ཟུང་འབྲེལ་གང་ལེགས་བྱས་ཏེ་གསར་གཏོད་ཀྱི་འདུ་ཤེས་ལྡན་ཞིང་ཤེས་རྩལ་འཛོམས་པའི་ཤེས་ལྡན་པ་སྐྱེད་སྲིང་བྱས་ནས་པོ་ཚི་ཝ་ནའི་ས་གནས་དང་དེ་བཞིན་དེ་གའི་ཀྲུང་གོའི་མ་འཇོག་ཁེ་ལས་ལ་ཤེས་ལྡན་པ་མཁོ་འདོན་བྱ་རྒྱུ་དང་། ཀྲུང་པོ་དང་དེ་བཞིན་ཀྲུང་ཧྥེའི་སྤེལ་རེས་མཉམ་ལས་ལ་ལེགས་སྐྱེས་འབུལ་རྒྱུ་རེད་ཅེས་བརྗོད། 
     པོ་ཚི་ཝ་ན་རྒྱལ་སྤྱིའི་ཚན་རྩལ་སློབ་ཆེན་གྱི་སློབ་སྤྱི་ཨའོ་ཐེ་ལོ་ཀེ་ཐེ་སི·ཐོ་ཐོ་ལོ་ཡིས། ཁུང་ཙི་སློབ་གླིང་གིས་སློབ་མའི་ལས་ཞུགས་འགྲན་ནུས་ཆེ་རུ་གཏོང་ཐུབ་པ་མ་ཟད། ཁོང་ཚོ་ཀྲུང་གོར་མུ་མཐུད་ཟབ་སྦྱོང་བྱེད་པར་འགྲོ་རྒྱུའི་གོ་སྐབས་གཏོད་རྒྱུ་དང་ས་གནས་དེ་གའི་ཡུལ་མིར་ཀྲུང་གོའི་སྐད་ཡིག་དང་རིག་གནས་སྦྱོང་བའི་ལས་སྟེགས་ཀྱང་གཏོད་རྒྱུ་རེད་ཅེས་བརྗོད་པ་རེད།
     (ཚེ་དབང་ལྷ་མོས་བསྒྱུར། ལྷ་དབང་དང་ཚེ་ལྷས་ཞུས)