འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།ཡོ་རོབ་ཀྱིས་རྒྱལ་ཁབ་འདི་གཉིས་ལ་དམག་མཚམས་འཇོག་དགོས་པའི་རེ་འབོད་བྱས། 

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 11ཚེས་14ཉིན། 14:29】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     ས་གནས་དེ་གའི་དུས་ཚོད་ཚེས་13ཉིན། དུས་ཡུན་ཉིན་གཉིས་རིང་གི་ཡོ་རོབ་མནའ་འབྲེལ་གྱི་ཕྱི་དཔོན་ཚོགས་འདུ་པུའུ་ལུའུ་སེར་འཚོག་འགོ་ཚུགས་པ་དང་། ཚོགས་འདུའི་ཐོག་ཕ་དབྱི་ཡི་གནས་བབ་ཀྱི་དོན་ལ་གྲོས་བསྡུར་བྱས་པ་རེད། 
     ཚོགས་འདུ་གྲོལ་རྗེས་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་པའི་ཐོག ཡོ་རོབ་མནའ་འབྲེལ་གྱི་ཕྱི་འབྲེལ་དང་བདེ་འཇགས་སྲིད་ཇུས་ཀྱི་མཐོ་རིམ་འཐུས་མི་པོའོ་ལེ་ལིས། ཅ་ཧྲ་མང་ཚོགས་ལ་ཆུ་དང་སྤོར་རྫས། བཟའ་བཅའ་སོགས་ཀྱི་རོགས་སྐྱོར་གང་མགྱོགས་མཁོ་འདོན་བྱེད་བདེ་ཡོང་ཕྱིར། ཡོ་རོབ་མནའ་འབྲེལ་གྱིས་འཕྲལ་མར་མི་ཆོས་རིང་ལུགས་ཀྱི་དམག་མཚམས་འཇོག་རྒྱུ་མ་ཟད། མི་ཆོས་རིང་ལུགས་ཀྱི་བར་ཁྱམས་ཀྱང་འཛུགས་རྒྱུའི་འབོད་སྐུལ་བྱ་རྒྱུ་ཡིན་ཞེས་བཤད་པ་རེད། ཡོ་རོབ་མནའ་འབྲེལ་ནས་དུས་མཚུངས་སུ་ཕྱོགས་སོ་སོས་གཅུན་འདོམས་རྒྱུན་འཁྱོངས་བྱས་ནས་དྲག་ཤུགས་འཁོར་ཡུན་མཇུག་བསྒྲིལ་གྱི་སྐུལ་མའང་བཏང་།