འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།ཀྲུང་ཨའི་གཙོ་བདག་མཇལ་འཛོམས་བྱ་རྒྱུ་རེད།

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 11ཚེས་13ཉིན། 14:11】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     ཕྱི་འབྲེལ་པུའི་མགྲིན་ཚབ་པ་ཧྭ་ཁྲུན་ཡིང་གིས་ཚེས་10ཉིན་ཨ་རིའི་ཙུང་ཐུང་པའེ་ཏེང་གི་གདན་ཞུས་ལྟར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ཟླ་11ཚེས་14ནས་ཚེས་17ཉིན་བར་ཨ་རིའི་ཅིའུ་ཅིན་ཧྲན་དུ་ཕེབས་ནས། ཀྲུང་གོ་དང་ཨ་རིའི་གཙོ་བདག་མཇལ་འཛོམས་བྱ་རྒྱུ་རེད། དེ་དང་ཆབས་ཅིག་གདན་ཞུས་ལྟར་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་འགོ་ཁྲིད་པའི་དངོས་གཞི་མིན་པའི་ཚོགས་འདུ་ཐེངས་སུམ་ཅུ་པར་ཞུགས་རྒྱུ་ཁྱབ་བསྒྲགས་གནང་བ་རེད།