འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།མཚོ་སྔོན་གྱི་གྲོང་རྡལ་9དང་གྲོང་ཚོ་33ཞིང་ཆེན་རིམ་པའི་ལོ་རྒྱུས་རིག་གནས་ཀྱི་གྲོང་རྡལ་དང་གྲོང་ཚོ་གྲགས་ཅན་ཁག་དང་པོའི་གྲས་སུ་ཚུད་པ།

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 11ཚེས་13ཉིན། 13:38】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཉེ་ཆར། གསར་འགོད་པར་མཚོ་སྔོན་ཞིང་ཆེན་རིག་དངོས་ཅུས་ནས་ཤེས་རྟོགས་བྱུང་བར། མཚོ་སྔོན་ཞིང་ཆེན་གྱི་གྲོང་རྡལ་9དང་གྲོང་ཚོ་33ཞིང་ཆེན་རིམ་པའི་ལོ་རྒྱུས་རིག་གནས་ཀྱི་གྲོང་རྡལ་དང་གྲོང་ཚོ་གྲགས་ཅན་ཁག་དང་པོའི་གྲས་སུ་ཚུད་ཡོད་པ་རེད།
     ཟི་ལིང་གྲོང་ཁྱེར་སྐུ་འབུམ་ཆུས་ཀྱི་རུ་གསར་གྲོང་རྡལ་དང་། མཚོ་ཤར་གྲོང་ཁྱེར་གྲོ་ཚང་ཆུས་ཀྱི་གྲོ་ཚང་གྲོང་རྡལ། མཚོ་ཤར་གྲོང་ཁྱེར་དམར་གཙང་ཧུད་རིགས་ཧོར་རིགས་རང་སྐྱོང་རྫོང་གི་ཀོན་ཐིང་གྲོང་རྡལ། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཀྲོའུ་ཏཱ་ཁྲའེ་ཏན་ཤིས་ཐི་ཧྲན་གྲོང་རྡལ། རྨ་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་རེབ་གོང་གྲོང་ཁྱེར་གྱི་ཐོ་རྒྱ་ཤང་། མཚོ་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་གསེར་ཆེན་རྫོང་གི་ཚ་རྔ་འགག་གྲོང་རྡལ་སོགས་གྲོང་རྡལ་9ཞིང་ཆེན་རིམ་པའི་ལོ་རྒྱུས་རིག་གནས་ཀྱི་གྲོང་རྡལ་གྲགས་ཅན་གྲས་སུ་ཚུད་པ་རེད།
     ཟི་ལིང་གྲོང་ཁྱེར་སྐུ་འབུམ་ཆུས་ཐུའུ་མོང་ཀོན་ཤང་གི་རྒྱ་བཟང་གྲོང་ཚོ་དང་། མཚོ་ཤར་གྲོང་ཁྱེར་བ་ཡན་ཧུད་རིགས་རང་སྐྱོང་རྫོང་རྩ་བ་གྲོང་རྡལ་གྱི་ཧོང་མཱ་གྲོང་ཚོ། མཚོ་ཤར་གྲོང་ཁྱེར་ཡ་རྫི་ས་ལར་རིགས་རང་སྐྱོང་རྫོང་ཚཱ་ཧན་ཏུའུ་སི་ཤང་གི་ཧུང་ཀོང་ཧྲང་གྲོང་ཚོ། མཚོ་ཤར་གྲོང་རྡལ་ཡ་རྫི་རྫོང་རྡོ་སྦིས་བོད་རིགས་ཤང་གི་ཉིན་པ་གྲོང་ཚོ། རྨ་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་རེབ་གོང་གྲོང་རྡལ་གཉན་ཐོག་ཤང་གི་གཉན་ཐོག་གྲོང་ཚོ། ཡུལ་ཤུལ་བོད་རིགས་རང་སྐྱོང་ཀྲོའུ་ཡུལ་ཤུལ་གྲོང་རྡལ་འབྲོང་མདའ་ཤང་གི་དེ་མདའ་གྲོང་ཚོ། ཡུལ་ཤུལ་བོད་རིགས་རང་སྐྱོང་ཀྲོའུ་ཁྲི་འདུ་རྫོང་བཞི་དབུས་གྲོང་རྡལ་གྱི་གྲུ་བའི་མདའ་གྲོང་ཚོ། ཡུལ་ཤུལ་བོད་རིགས་རང་སྐྱོང་ཀྲོའུ་ནང་ཆེན་རྫོང་ཉག་ར་ཤང་གི་རྡོ་རོང་མདོ་གྲོང་ཚོ་སོགས་གྲོང་ཚོ་33ཞིང་ཆེན་རིམ་པའི་ལོ་རྒྱུས་རིག་གནས་ཀྱི་གྲོང་ཚོ་གྲགས་ཅན་གྲས་སུ་ཚུད་ཡོད་པ་རེད།
     (དམ་ཆོས་མི་ཕམ་གྱིས་བསྒྱུར། ཉི་དོན་གྱིས་ཞུས)